ཟླ་6ཚེས་20ཉིན། ཁྲེང་ཀོན་ཆུས་རྒྱང་བསྒྲགས་སྡེ་ཁུལ་གྲོང་ལྷན་དུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ལས་དོན་རུ་ཁག་དང་རྒྱང་བསྒྲགས་སྡེ་ཁུལ་གྱིས་ལྷ་ས་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཚོགས་པ་སོགས་སྡེ་ཚན་མང་པོ་དང་མཉམ་དུ“ཁྲག་སྦྱིན་བཏང་ནས་རེ་བ་བརྒྱུད་སྤྲོད་དང་ལག་གདང་སྦྲེལ་ནས་ཚེ་སྲོག་སྐྱོབ་པའི”ཁྲག་སྦྱིན་གཏོང་བའི་སྤྱི་ཕན་བྱེད་སྒོ་སྤེལ་བ་རེད།
ཁྲག་སྦྱིན་གཏོང་ཡུལ་དུ་གཅེས་སེམས་ལྡན་པའི་མི་སྣ་ཚོས་ཁྲག་སྦྱིན་ཧུར་ཐག་བཏང་ནས་ཚེ་སྲོག་སྐྱོབ་པའི་ལས་ལ་གཞོལ་བ་དང་ཆབས་ཅིག་ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་སྨན་དོན་རུ་ཁག་གིས་གྲོང་མིར་འོས་འགན་སྨན་བཅོས་བྱས་ཤིང་། འདི་ནི་སྨན་པས་མང་ཚོགས་ལ་ཁྲག་ཤེད་ལྟ་བཞིན་པ།