03

༄༅་། ཆར་ཤུལ་གྱི་དབྱར་དུས་། སྨྱུག་ཞེན། 2025年06月22日

སྤྲིན་དཀར་གྱི་གསེབ་ནས་ཉི་འོད་དལ་གྱིས་འཛུམ་བྱུང་། ཆར་ཤུལ་གྱི་རྩྭ་ཐང་དུ་འཇའ་ཡི་གུར་ཆུང་ཕུབ། མེ་ཏོག་ཟིལ་པ་ཁྲོམ་ཁྲོམ་འདབ་མ་འོད་དཀར་ཀྲིག་ཀྲིག ཆར་ཤུལ་གྱི་དབྱར་དུས་མིག་ཟུང་གི་དགའ་སྟོན་ཡིན་ངེས།

ཆུ་མོ་ལྷུང་ལྷུང་སྨད་ནས་སྨད་དུ་བཞུར།

དྲོད་འཇམ་རླུང་བུས་སྡོང་པོའི་སོར་མོ་དཀྲོལ།

ཕྱེ་ལེབ་དང་རྐང་དྲུག་གིས་གཤོག་གླུ་དལ་གྱིས་གྱེར། ཆར་ཤུལ་གྱི་དབྱར་དུས་ལ་སྙན་པའི་དབྱངས་རྟ་མོད།

མཐོ་སྒང་གངས་རིའི་རྩེ་མོར་གསེར་གྱི་ཉི་གཞོན་འཚེར། ཡངས་མོ་མཚོ་དང་མཚེའུར་དངུལ་གྱི་ཟླ་འོད་འཆར། དཀར་དམར་མེ་ཏོག་གི་འདབ་མ་ཕྱོགས་བཞིར་གྲོལ། ཆར་ཤུལ་གྱི་དབྱར་དུས་སེམས་ཀྱི་ངལ་གསོ་ཡིན་ངེས།