02

བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོས་སྨན་ཐང་འགྲེལ་བཤད་འགྲན་ཚོགས་གཉེར་བ། 2025年06月20日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་18ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོས་སྨན་ཐང་འགྲེལ་བཤད་འགྲན་ཚོགས་སྐབས་བཞི་པ་གཉེར་བ་རེད། འགྲན་ཞུགས་བདམས་ཐོན་པ་ཚོགས་ཆུང་10ཡིས་སྐབས་འདིའི་འགྲན་ཚོགས་ཀྱི་བརྗོད་དོན་གཙོ་བོ“ངོ་མཚར་གྱིས་ཕྱུག་པའི་སྨན་ཐང་། མིའི་ལུས་ཁམས་ཀྱི་གསང་བ་འཚོལ་བ”ཞེས་པར་དམིགས་ནས། བོད་ཀྱི་གསོ་བ་རིག་པའི་སྨན་ཐང་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།

ད་ཐེངས་ཀྱི་འགྲན་ཚོགས་ལས་དགེ་སློབ་ཀྱིས་གསུང་རབ་ལ་བརྩོན་ཞིབ་ཟབ་མོ་དང་གཞུང་འཁྱོངས་གསར་འབྱེད་བྱེད་པར་སྔར་བས་སྐུལ་ལྕག་བྱས་པས། བོད་ཀྱི་གསོ་བ་རིག་པའི་རིག་གཞུང་འགྲེལ་བཤད་དང་ཁྱབ་སྤེལ་གཏོང་ནུས་ཆེ་རུ་ཕྱིན་ཏེ་བོད་ཀྱི་གསོ་བ་རིག་པ“ཕྱིར་སྐྱོད་པར”སྐུལ་འདེད་ཐུབ་ཡོད།