ཉེ་ཆར། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས“ལྗང་མདོག་གིས་ཉེན་རྟོག་པའི་སྒར་ས་བརྒྱན། རིག་གནས་ཀྱིས་ཉེན་རྟོག་པ་བསྐྱངས”ཞེས་པའི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་ནས་སྐྱེ་ཁམས་འཛུགས་སྐྲུན་དང་རིག་གནས་འཛུགས་སྐྱོང་ལ་མཉམ་དུ་ཤུགས་སྣོན་བརྒྱབ་སྟེ་མཐའ་སྲུང་མི་དམངས་ཉེན་རྟོག་པའི་ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་བཏང་བ་རེད།
བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པ་ཚོས་ལྕགས་ཁྱེམ་སྤྱད་དེ་ས་དོང་འདྲུ་བ་དང་། ས་ཁོད་སྙོམས་པ། སྡོང་ཕྲུག་སྐྱོར་བ། ཆུ་གཏོང་བ་བཅས་བྱས་ཡོད། གཞན་ཡང་། ད་དུང་མི་དམངས་ཉེན་རྟོག་པ་ཚོས་ཟོག་རོ་སྤྱད་དེ་བཟོས་པའི་དྲོད་ཁང་ཆེ་མོའི་ནང་སུར་པན་དང་། ཀྲོ་མ་ཀྲུ། སྟག་མའི་མེ་ཏོག་སོགས་བཏབ་པ་རེད།
↑ འདི་ནི་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཉེན་རྟོག་པའི་སྒར་སར་སྔོ་ལྗང་རྩི་ཤིང་འདེབས་བཞིན་པ།
← འདི་ནི་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཉེན་རྟོག་པའི་སྒར་སའི་དྲོད་ཁང་དུ་སྡོང་ཕྲུག་ལ་གཡོག་བྱེད་བྱེད་བཞིན་པ།