05

2025年06月13日

ཉེ་ཆར། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་འཕྲོད་བདེ་ཨུ་ལྷན་གྱིས་རྫོང་རིམས་འགོག་ལྟེ་གནས་དང་གྲོང་རྡལ་འཕྲོད་བསྟེན་ཁང་དང་མཉམ་དུ“སྤུས་ལེགས་ཐོན་ཁུངས་གཞི་རིམ་དུ་སྤྱོད། མང་ཚོགས་ཚང་མ་བདེ་ཐང་ཡོང་བར་བྱེད”ཅེས་པ་དང“བདེ་ཐང་གི་འགོ་འཛུགས་ས། རེ་བས་ཁེངས་པའི་འབྱུང་འགྱུར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། སྒེར་རྩེ་གྲོང་རྡལ་གྱི་འདུན་གྲུབ་ཁང་གསར་དང་ལུང་རི་གྲོང་ལྷན་དུ་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་རིགས་གཅིག་མཁས་ཅན་ཚོས་ངང་རྒྱུད་རིང་པོས་ལན་བརྒྱབ་ནས་དོགས་གཞི་བསལ་བ་དང་། རིམ་རྩིས་བརྒྱབ་ན་མང་ཚོགས་མི་ཐེངས་126ལ་ཞབས་འདེགས་ཞུས་པ་མ་ཟད། ད་དུང་མང་ཚོགས་ལ་རིན་པ་མི་དགོས་པར་རྒྱུན་སྤྱོད་སྨན་སྣ་ཚོགས་ཀྱང་སྤྲད་ཡོད་ཅིང་། འདི་ནི་རིགས་གཅིག་མཁས་ཅན་གྱིས་མང་ཚོགས་ལ་བརྟག་དཔྱད་བྱེད་བཞིན་པ།