འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་11ཉིན་གནས་ཚུལ་འབྱོར་གསལ། ཚེས་10ཉིན་གྱི་སྔ་དྲོར་QB/T 8049-2024《ཁྱིམ་སྤྱོད་དང་དེའི་རིགས་ཀྱི་གསོ་རླུང་ཡོ་ཆས》ཀྱི་ལས་རིགས་ཚད་གཞི་དྲིལ་བསྒྲགས་ལག་བསྟར་ཚོགས་འདུ་ལྷ་སར་འཚོགས་ནས་ད་ལོའི་ཟླ་7ཚེས་1ཉིན་ནས་བཟུང་ཚད་གཞི་འདི་དངོས་སུ་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཚད་གཞི་འདི་བཏོན་པ་ལས་གསོ་རླུང་ཡོ་ཆས་ཐོན་ལས་ཇུས་འགོད་དང་། ཐོན་སྐྱེད། ཞིབ་བཤེར། བཀོལ་སྤྱོད་སོགས་ཀྱི་ལྷུ་ཚིགས་ལ་གཞི་འཛིན་ས་ཁ་གསལ་མཁོ་འདོན་ཐུབ་རྒྱུ་རེད།
ཀྲུང་གོ་ཁྱིམ་སྤྱོད་གློག་ཆས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཆུས་ཙུང་ཧྥུང་གིས་ཚད་གཞི་དེས་ཁེ་ལས་ལ་ལག་རྩལ་ཚད་གཞི་གསལ་པོ་འཆར་འགོད་བྱས་པ་མ་ཟད། ཁྲོམ་རའི་ལྟ་འདོམས་སྡེ་ཚན་ལ་སྤུས་ཚད་ཀྱི་ཚད་གཞི་མཁོ་འདོན་བྱས་ཏེ་ལས་རིགས་ཚད་ལྡན་ཅན་དང་། ཚད་གཞི་ཅན། སྤུས་ཚད་ལེགས་པ་བཅས་ཀྱི་ཕྱོགས་སུ་གོམ་སྟབས་ཆེན་པོ་སྤོ་བར་རམ་འདེགས་ཐུབ་རྒྱུ་རེད། འབྲེལ་ཡོད་ཚད་གཞིས་ད་དུང་འཛད་སྤྱོད་པར་དབང་གྲགས་ལྡན་པའི་ཚན་རིག་ཁྱབ་གདལ་སྟེགས་བུ་བཙུགས་ནས་སྤུས་ཚད་ཀྱི་ཆ་འཕྲིན་ཁ་གསལ་བ་དང་ཁུངས་འདེད་ཐུབ་པར་བྱས་ཏེ་ཉོ་མཁས་པོ་དང་བདེ་འཇགས་ངང་སྤྱོད་རྒྱུར་ཁྲིད་སྟོན་ཐུབ་རྒྱུ་རེད་ཅེས་བཤད།