04

2025年06月04日

① འདི་ནི་ནང་སོག་རང་སྐྱོང་ལྗོངས་ཨ་ལུའུ་ཁོར་ཆིན་ཆི་ཡི་རྩྭ་འབུ་སུ་ཧང་འདེབས་འཛུགས་རྟེན་གཞིར་ཞིང་པས་བརྔ་བསྡུའི་འཕྲུལ་འཁོར་བཏང་ནས་རྩྭབསྡུ་བཞིན་པ།

② འདི་ནི་ནང་སོག་རང་སྐྱོང་ལྗོངས་ཧུའུ་ཧོ་ཧའེ་ཐེ་གྲོང་ཁྱེར་ཁྲེ་ལེ་ཁྲོན་འོ་མ་སྤུས་དག་འབྱུང་ཁུངས་རྟེན་གཞིར་དབྱི་ལི་བཞོན་མའི་ཚན་རིག་ཞིབ་འཇུག་ཁང་གི་ལག་རྩལ་པས་སློབ་མར་བཞོན་མ་གསོ་ཚགས་ཀྱི་ལག་རྩལ་གསོ་སྦྱོང་བྱེད་བཞིན་པ།

③འདི་ནི་ཧྲན་ཤིས་ཞིང་ཆེན་དབན་ཞུང་འབྲོག་རར་ལག་རྩལ་པས་མ་རྨོས་ལོ་ཏོག་རྐང་གིས་བཟོས་པའི་སྔོ་གཟན་ཉར་ཚགས་བྱེད་སྟངས་སྐོར་མཛུབ་ཁྲིད་བྱེད་བཞིན་པ།

④ཧུའུ་པེ་ཞིང་ཆེན་ཡུན་ཤིས་རྫོང་གིས་བདུན་པའི་ཚེས་བདུན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཁོར་འབྲེལ་ཧུར་ཐག་བཏོད་དེ་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། འདི་ནི་ཡུན་ཤིས་རྫོང་གི་བདུན་པའི་ཚེས་བདུན་གྱི་ཇའི་ཐོན་སྐྱེད་རྟེན་གཞིར་ལས་དོན་པས་ཇ་ལོ་བདམས་ནས་ཐུམ་རྒྱག་བཞིན་པ།

⑤འདི་ནི་ཧུའུ་པེ་ཞིང་ཆེན་ཅིན་མོན་གྲོང་ཁྱེར་ཏུང་པའོ་ཆུས་ཀྱི་དྲོད་ཚད་དང་བཞའ་ཚན་ཆེ་སའི་གསོ་ཚགས་ལ་འཚམ་པའི“ཁྲུའུ་པའོ་ར་མགོ་ནག”ཡིན་པ། (དཔྱད་གཞིའི་པར་རིས)

⑥མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་ཧོ་ཏུང་ཁྲོམ་གཞུང་ཧུང་ཀོང་གྲོང་ཚོས་མཉམ་སྡེབ་ས་ཞིང་བེད་སྤྱོད་གང་ལེགས་བྱས་ཏེ་ཞིང་རའི་ཕྱོགས་བསྡུས་སྒྲིག་བཀོད་འཕེལ་རྒྱས་ཧུར་ཐག་བཏང་ནས་ཡུལ་མིར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་པ།

⑦ཧྥུའུ་ཅན་ཞིང་ཆེན་ཉིང་ཏེ་གྲོང་ཁྱེར་ཧྥུའུ་ཏིང་གྲོང་ཁྱེར་ནི་རང་རྒྱལ་གྱི་རྩི་ཤིང་པྲི་ཡང་ཀུ་ཐོན་ཡུལ་གཙོ་བོའི་གྲས་ཤིག་ཡིན། འདི་ནི་ས་གནས་ཀྱི་ཞིང་པ་ཞིག་གིས་དབྱང་ཙི་ཅང་སྨན་ལས་ཚོགས་པའི་ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞིར་རྩི་ཤིང་པྲི་ཡང་ཀུ་འཐུ་བཞིན་པ།

⑧འདི་ནི་ཧྲའན་ཤིས་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་དུ་ཞིང་པས་ཞོག་ཁོག་རྩྭ་རས་རེ་རེ་བཞིན་ཞིང་ནང་མུ་ཁར་སྤུངས་ཏེ་རླངས་འཁོར་ལ་བླུགས་ནས་ཕྱིར་གཏོང་རྩིས་བྱེད་བཞིན་པ།

⑨ཉེ་བའི་ལོ་ཤས་རིང་། ལེའོ་ཉིང་ཞིང་ཆེན་ཏན་ཏུང་གྲོང་ཁྱེར་ཏུང་ཤང་གྲོང་ཁྱེར་ཀུའུ་ཧྲན་གྲོང་རྡལ་གྱིས་ཐོན་ལས་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། འདི་ནི་ལས་དོན་པ་ཞིག་གིས་ཀུའུ་ཧྲན་གྲོང་རྡལ་ཏ་ཅང་ཅ་གྲོང་ཚོར་ཆུ་རྫིང་གཙང་སེལ་བྱེད་བཞིན་པ།

⑩འདི་ནི་ཏུང་ཤང་གྲོང་ཁྱེར་ཀུའུ་ཧྲན་གྲོང་རྡལ་ཧུད་ཡེའུ་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འབྲི་ཏ་ས་འཛིན་ཐོན་སྐྱེད་གླིང་ཡིན་པ།