འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཐེངས་བཅུ་བདུན་པར་རྟེན་འབྲེལ་ཞུ་ཆེད། ཉེ་ཆར། ཟངས་རི་རྫོང་གྲོང་ནས་ལྷོ་ཁ་གྲོང་ཁུལ་བར་གྱི་གྲོང་སྦྲེལ་སྤྱི་སྤྱོད་ལམ་ཐིག་དངོས་སུ་ཤར་གཏོང་བྱས་པ་རེད། གྲོང་སྦྲེལ་སྤྱི་སྤྱོད་ལམ་ཐིག་དེར་སྔོན་ལ་སྤྱི་སྤྱོད་རླངས་འཁོར་4གཏོང་རྒྱུ་ཡིན་དང་G560ལམ་ཐིག(ཅང་ནན་ལམ་ཐིག)དང་S508(ཅང་པེ་ལམ་ཐིག)གཉིས་ཤར་གཏོང་ཐུབ་ནས་ལམ་ཐིག་ཧྲིལ་པོར་སྤ་སེ་ཉོ་ཐེངས་གཅིག་གིས་ཆོག་པ་དང་སྤ་སེའི་རིན་གོང་སྒོར་1ཡིན་པ་རེད།
གྲོང་སྦྲེལ་སྤྱི་སྤྱོད་ལམ་ཐིག་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱས་པ་དེས་ཟངས་རི་རྫོང་གྲོང་དང་ལྷོ་ཁ་གྲོང་ཁུལ་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་རྒྱུ་དང་། ས་ཆ་གཉིས་ཀྱི་མང་ཚོགས་ལ་སྟབས་བདེ་དང་། ནུས་ཆེ། རིན་གོང་ཁེ་བ་བཅས་ཀྱི་ཕྱིར་སྐྱོད་སྦྲེལ་ཟམ་ཞིག་ཀྱང་གཏོད་རྒྱུ། དེས་མ་ཚད་ཟངས་རི་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ“སྐུལ་འདེད་གཏོང་ཆས”དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི“སེམས་སྦྲེལ་ཟམ་པ” གྲོང་གསེབ་དར་རྒྱས་ཀྱི“སྒུལ་ཤུགས་གསར་པ”བཅས་སུ་འགྱུར་རྒྱུ་རེད།