ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ཏང་ཨུད་ཀྱིས་སྨན་ཁང་དེའི་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ནས་གཞིས་རྩེའི་དིང་རིའི་ས་ཡོམ་གྱི་གནོད་འཚེ་ཕོག་པའི་ནད་པ་ཞིག་ལ་དངུལ་ཞལ་འདེབས་བརྒྱབ་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ནད་པར་དྲོ་སྐྱིད་དང་རེ་བ་སྦྱིན་ཡོད། ཞལ་འདེབས་རྒྱག་ཡུལ་དུ་གཅེས་སེམས་ཀྱིས་ཁེངས་ཤིང་། སྐར་མ་བཅུ་ལྷག་ཙམ་ནང་ཞལ་འདེབས་དངུལ་སྒོར་ཁྲི་18.45གྲབས་གསོག་ཐུབ་ཡོད་ཅིང་། ཚང་མས་རང་ཉིད་ཀྱི་སྟོབས་ཤུགས་ཕྲན་བུར་བརྟེན་ནས་གནོད་འཚེ་ཕོག་པའི་ནད་པ་སྐྱོབ་བཅོས་དང་འཚོ་བར་རོགས་རམ་ཐུབ་པའི་རེ་བ་ཡོད་ཅེས་བཤད། འདི་ནི་ཞལ་འདེབས་རྒྱག་ཡུལ་ཡིན་པ།