04

ལི་རིགས་ཀྱི་དར་གོས་འཐག་རྩལ་ལ་མྱོང་རོལ་གྱིས་སྣེ་མང་འཚོ་བར་དཔང་པོ་བྱས་པ། 2025年03月25日

འདི་ནི་ཨུ་རུ་སུའི་པོད་བདག་ཨོར་ལོ་ཧྥུའུ་ཡིས་དར་འཐག་སྟངས་སྦྱོང་བཞིན་པ།

འདི་ནི་ལི་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་གྱོན་པའི་ཞེ་མེན་ཡིན་པ།

འདི་ནི་ཞེ་མེན་དང་ལི་རིགས་ཀྱི་ཐགས་མཁན་མཉམ་དུ་ཡོད་པ།

འདི་ནི་ལི་རིགས་ཀྱི་གནའ་བོའི་ཁྲུའུ་པའོ་གྲོང་ཚོའི་ཟུར་ཞིག་ཡིན་པ།

དཔྱིད་ཟླ་ར་བར་ཧའེ་ནན་དུ་ཉི་འོད་དྲོ་ཞིང་བསིལ་རླུང་ལྡང་བས་དགའ་སྣང་འཕེལ་བའི་དུས་ཤིག་ཡིན། ཧའེ་ཁོའུ་ཡི་མཚོ་ངོགས་ནུབ་མར་ལོ་ངོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་རུང་ཧྲན་ཐའོ་གྲོང་ཚོ་རུ“ཧའེ་ནན་ལི་རིགས་ཀྱི་ཡུལ་སྲོལ་ལ་ལྟ་བའི”རྒྱལ་སྤྱིའི་སྒྱུ་རྩལ་པའི་བཅའ་སྡོད་བྱེད་སྒོར་ཞུགས་མཁན་གཞོན་ནུ་མང་པོ་སླེབས་ཤིང་། བྱེད་སྒོ་དེར་ཞུགས་མཁན་གྱིས་ཧའེ་ནན་གྱི་ཤར་ཕྱོགས་གྲོང་ཁྱེར་དང་ཧའེ་ཁོའུ་རུང་ཧྲན་ཐའོ་གྲོང་ཚོར་བསྐྱོད་དེ་ཉ་པའི་ཡུལ་སྲོལ་གོམས་གཤིས་ཀྱི་རིག་གནས་དང་ལི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དེང་རབས་ཀྱི་མཚོན་ཐབས་འཚོལ་ཞིབ་བྱས་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་གདན་དྲངས་པའི་ཨ་རིའི་ཇུས་འགོད་མཁས་པ་ཞེ་མེན་གྱིས་དམངས་ཚོགས་ལ་རང་ཉིད་ཀྱིས་ཇུས་འགོད་བྱས་པའི་ལི་རིགས་དར་གོས་ཀྱི་རིག་གནས་བསམ་བཀོད་ཐོན་རྫས་བསྟན་ཡོད།

གྲོང་ཚོ་སྐོར་བ་དང་། དར་གོས་འཐག་པ། མངོན་མིན་རིག་གནས་ཤུལ་བཞག་མྱོང་རོལ་བྱེད་པ་སོགས་ཉེ་བའི་ལོ་ཤས་རིང་། ཕྱི་རྒྱལ་གྱི་ཡུལ་སྐོར་བ་སྔར་ལས་མང་བ་ཧའེ་ནན་དུ་ལི་རིགས་ཀྱི་དར་གོས་ཀྱི་ཐུན་མིན་ཁྱད་ཆོས་ལ་ལྟ་བར་ཡོང་ནས་ལི་རིགས་ཀྱི་དར་གོས་ཐོན་ལས་འཕེལ་རྒྱས་ལས་ས་གནས་དེ་གའི་ཡུལ་མིའི་འཚོ་བར་འགྱུར་ལྡོག་བྱུང་བར་དཔང་པོ་བྱེད་བཞིན་ཡོད། ལི་རིགས་ཀྱི་དར་གོས་གྲོང་ཚོ་ནས་རྒྱལ་སྤྱིར་སྐྱོད་པ་དང་། དར་ལ་ཚོས་རྒྱག་པ་དང་ཕར་ཆིན་རྒྱག་པའི“མཛུབ་རྩེའི་དཔལ་འབྱོར”ལ་འཕེལ་རྒྱས་རྒྱུན་ཆད་མེད་པར་བྱུང་སྟེ་མི་རབས་ནས་མི་རབས་བར་དར་བའི་དར་གོས་འཐག་རྩལ་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་སྐྱོད་བཞིན་ཡོད།

མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིར་བཟུང་།