03

དཔྱིད་དཔལ་ཁྲོད་ཀྱི་མེ་འཁོར། 2025年03月25日

དཔྱིད་ཟླ་འབྲིང་བའི་དུས་ཚིགས་སུ་ཀུའེ་ཀྲོའུ་ཞིང་ཆེན་གྱི་ས་ཆ་མང་པོར་པད་ཁའི་མེ་ཏོག་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་བཞད་པ་དང་། གཤོག་པ་ཐོགས་པ་ལྟ་བུའི་མེ་འཁོར་བྱ་འཕུར་བ་བཞིན་པད་ཁའི་མེ་ཏོག་གི་རྒྱ་མཚོ་བརྒལ་ནས་བཞུད་བཞིན་པའི་རྣམ་པ་ལས་ཀུའེ་ཀྲོའུ་ཡི་ས་གཞི་ཆེན་པོར་དཔྱིད་དཔལ་རབ་ཏུ་བཞད་པའི་སྒེག་ཉམས་ཤིག་མངོན་ཡོང་། འདི་ནི་ཨན་ཧྲུན་གྲོང་ཁྱེར་ཕུ་ཏིང་རྫོང་ཧྭ་ཁྲུའུ་གྲོང་རྡལ་འགྲམ་གྱི་ཨན་ལིའུ་མྱུར་བགྲོད་ལྕགས་ལམ་ཐོག་སྐྱོད་བཞིན་པའི་ཤུགས་འགྲེམས་མེ་འཁོར་ཡིན་པ།