ཟླ་3ཚེས་22ཉིན་ནི་འཛམ་གླིང་ཆུའི་ཉིན་མོ་རེད། ཉེ་ཆར། ས་ཆ་ཁག་གིས་བརྗོད་དོན་གཙོ་བོའི་བྱེད་སྒོ་ཕུན་སུམ་ཚོགས་པོ་སྤེལ་ནས། ཆུར་གྲོན་ཆུང་དང་སྲུང་སྐྱོང་བྱེད་པའི་མི་རྣམས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཞིང་། འདི་ནི་ཅང་སུའུ་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཅང་ཡན་ཆུས་ཧོའེ་ཧའེ་སློབ་ཆུང་དུ་དགེ་རྒན་གྱིས་སློབ་མའི་ཆུ་འཚག་ཚོད་ལྟར་མཛུབ་སྟོན་བྱེད་བཞིན་པ།