གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་སྲིད་གཞུང་དང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་མི་དམངས་སྲིད་གཞུང་། རྒྱལ་ཆེན་རྩེ་གྲོང་ཚོ་དང་། ཁང་གསར་གྲོང་ཚོ། ཕན་ལྷོ་གྲོང་ཚོ་བཅས་ཀྱི་ཡུལ་མི་ཡོངས་ལ་ཞུ་རྒྱུར།
བོད་ལྗོངས་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་དང་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་སྲིད་གཞུང་དང་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་མི་དམངས་སྲིད་གཞུང་དབར《ས་ཞིང་བརྒྱུད་བཤུག་གན་རྒྱར》མིང་རྟགས་བཀོད་ཚུན། བོད་ལྗོངས་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིས་གན་རྒྱའི་འོས་འགན་ལག་བསྟར་ཧུར་ཐག་བྱས་ནས་བརྒྱུད་བཤུག་གྲོན་དངུལ་དུས་ཐོག་ཏུ་སྤྲད་པ་ལས་ཞིང་འབྲོག་པར་འབབ་འཕར་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།
འོན་ཀྱང་ཆུ་ཁུངས་དང་། བོགས་དངུལ། ཁྲོམ་ར། ཐོན་སྐྱེད་གཉེར་སྐྱོང་སོགས་རྒྱུ་རྐྱེན་མང་པོའི་དབང་གིས་ཕྱོགས་གཉིས་པོའི་དབར་གན་རྒྱའི་འགན་འཁྲི་དང་འོས་འགན་མུ་མཐུད་ལག་བསྟར་བྱེད་ཐབས་བྲལ། ད་ལྟ《གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་སྲིད་གཞུང་དང་། གཞིར་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་མི་དམངས་མི་དམངས་སྲིད་གཞུང་། བོད་ལྗོངས་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་བཅས་དབར་གྱི་ས་ཞིང་བརྒྱུད་བཤུག་གན་རྒྱ》རྩིས་མེད་བཟོས་ནས་དུས་བཀག་ལྟར་ས་ཞིང་ཕྱིར་སློག་བྱེད་པ་སོགས་ཀྱི་དོན་དག་སྐོར་ལ་སྤྱི་བསྒྲགས་འདི་སྤེལ་རྒྱུ་གཤམ་གསལ།
1.2024ལོའི་ཟླ་12པའི་ཟླ་མཇུག་བར་ས་ཞིང་བོགས་གཏོང་ལས་སྒོའི་གཉེར་སྐྱོང་གྱོང་གུན་ཕོག་ཚད་རིམ་རྩིས་བརྒྱབ་ན་སྒོར་ཁྲི་1748ལྷག་ཙམ་ཟིན་པ་དང་། མིག་སྔར་བོད་ལྗོངས་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིས་མུའུ་རེར་སྒོར་400ཡི་ས་ཞིང་བརྒྱུད་བཤུག་གི་བོགས་དངུལ་མུ་མཐུད་སྤྲོད་མི་ཐུབ་པའི་ཁར། 2025ལོའི་ཟླ་2ཚེས་25ཉིན་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་སྲིད་གཞུང་གི་ས་ཞིང་བརྒྱུད་བཤུག་གན་རྒྱ་རྩིས་མེད་བཟོ་རྒྱུར་མོས་མཐུན་ཐོབ་པའི་ཡིག་ལན་འབྱོར་བ་བརྒྱུད་ས་ཞིང་བརྒྱུད་བཤུག་གི་གན་རྒྱ་རྩིས་མེད་བཟོ་རྒྱུ་ཡིན།
2.བོད་ལྗོངས་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིས་2025ལོའི་ཟླ་3ཚེས་15ཉིན་གོང་འཕྲུལ་ཆས་སྒྲིག་ཆས་ཚང་མ་སྤོས་པ་དང་དུས་མཚུངས། རྨོ་ཞིང་མུའུ་5409.55གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་སྲིད་གཞུང་དང་དེ་བཞིན་རྒྱལ་ཆེན་རྩེ་གྲོང་ཚོ་དང་། ཁང་གསར་གྲོང་ཚོ། ཕན་ལྷོ་གྲོང་ཚོ་བཅས་ཀྱི་ཡུལ་མི་ཡོངས་ལ་རྩིས་སྤྲད་དེ། དཔྱིད་རྨོད་དཔྱིད་འདེབས་ཀྱི་སོ་ནམ་དུས་ཚོད་མི་འཕྱུག་པ་བྱས་ནས་རང་ལྗོངས་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་འབྲོག་པར་འབབ་འཕར་ཡོང་བའི་འགན་ལེན་བྱེད་རྒྱུ་ཡིན།
3.བོད་ལྗོངས་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིས་2025ལོ་ནས་བཟུང་ས་ཞིང་ལ་བོགས་དངུལ་སྤྲོད་པའི་འོས་འགན་འཁུར་རྒྱུ་མིན་པ་དང་། ས་ཞིང་བརྒྱུད་བཤུག་གན་རྒྱ་རྩིས་མེད་བཟོ་བའི་འབྲེལ་ཡོད་ཕྱོགས་གཉིས་ཀྱི་ཁ་ཆད་ལས་འགལ་བའི་འགན་འཁྲི་དང་འབྲེལ་བ་ཡོད་པའི་དོན་དག་ལ་ཐུན་མོང་ཐོག་གྲོས་མོལ་བྱེད་པའམ་ཡང་ན་འབྲེལ་ཡོད་སྡེ་ཚན་གྱི་ཁྲིམས་འཛིན་ཐབས་ལམ་ལ་བརྟེན་ནས་ཐག་གཅོད་བྱེད་རྒྱུ།
ཆེད་དུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།
བོད་ལྗོངས་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི།
2025ལོའི་ཟླ་3ཚེས་17ཉིན།