
ཉེ་ཆར། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་རྨང་གཞིའི་སྒྲིག་བཀོད་ལས་ཚན་གྱི་གུང་གཞོན་སྡེ་ཚོགས་ཨུ་ལྷན་དང་བདེ་འཇགས་ཁོའོ་ཡིས་ལྷ་ས་གྲོང་ཁྱེར་ཚལ་སྣེ་ཤང་སློབ་ཆུང་དུ“ཀྲུང་གོའི་ལོ་ཆུང་བྱིས་པའི་ལྕགས་ལམ་བདེ་འཇགས་བྱ་སྤྱོད”སློབ་གྲྭར་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་ལྕགས་ལམ་རྒྱུད་ཀྱི་སློབ་མའི་བདེ་འཇགས་འདུ་ཤེས་དང་ལྕགས་ལམ་ལ་དགའ་ཞེན་དང་ལྕགས་ལམ་སྲུང་བའི་འདུ་ཤེས་ཟབ་ཏུ་གཏོང་ཆེད་ཡིན་པ་རེད། འདི་ནི་ལས་དོན་པས་ཕྲུ་གུ་ཚོར་འབྲེལ་ཡོད་དྲིལ་བསྒྲགས་ལག་དེབ་སྤྲོད་བཞིན་པ།