03

ཞིང་འབྲོག་ཁུལ་གྱི་མེ་ཟོན་བདེ་འཇགས་ཀྱི་ཚན་རིག་ཁྱབ་གདལ་ཤེས་བྱ། 2025年03月17日

གཅིག ཞིང་འབྲོག་ཁུལ་གྱི་གཉིས་ལྡན་དུད་སྦྲེལ་གྱི་མེ་ཟོན་ལས་ཀའི་འགན་འཁྲི།

1.གྲོང་ཚོ་འམ་གྲོང་རྡལ་དང་། དེ་བཞིན་མཐའ་འཁོར་གྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་བྱས་ཏེ་མེད་པར་བཟོ་དགོས།

2.ཤིང་ཆ་སྤུངས་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་དགོས།

3.གློག་རླངས་སྐུད་ལམ་ཚད་ལྡན་འཁྲིད་ཡོད་མེད་དང་གློག་རླངས་སྐུད་ལམ་ལ་སྐྱོན་ཡོད་མེད་ལ་ཞིབ་བཤེར་བྱེད་དགོས།

4.མེ་ཟོན་གྱི་ཆུ་མཁོ་འདོན་འདང་ངེས་ཡོད་མེད་ལ་ཞིབ་བཤེར་བྱེད་དགོས།

5.ཉལ་ཁང་དང་ཐབ་ཚང་གི་མེ་དང་གློག་སྤྱོད་ཚུལ་ལ་ཞིབ་བཤེར་བྱེད་དགོས།

གཉིས། མེ་ཤིང་དང་རྩྭ་ཕུང་གི་མེ་ཟོན་བདེ་འཇགས།

1.སྤུང་གསོག་ཆེ་དྲགས་ན་མི་འགྲིག

2.སྤུང་གསོག་ཁུལ་དུ་ཐ་མག་འཐེན་པའམ་ཡང་ན་མེ་སྤོར་མི་ཆོག

3.སྤུང་གསོག་དང་སྤུང་གསོག་དབར་མེ་འགོག་བར་ཐག་ཡག་པོ་འཇོག་དགོས།

4.མེ་ཤིང་ངམ་རྩྭ་ཕུང་རྣམས་ཁང་ཁྱིམ་དང་ཕྱུགས་ཚང་ལས་རྒྱང་ཁྱད་ཆོད་པ་བྱེད་དགོས།

གསུམ། ཐོན་སྐྱེད་དང་འཚོ་བའི་མེ་ཟོན་བདེ་འཇགས་སྐོར་གྱི་དྲན་སྐུལ།

1.གློག་སྒུལ་སྦག་སྦག་ཁང་པའི་ནང་དུ་འཇོག་པའམ་ཡང་ན་གློག་གསོག་མི་རུང་།

2.དྲོད་ལེན་ཡོ་ཆས་ཐོག་གྱོན་ཆས་སྐམ་མི་རུང་།

3.ཞིང་ལས་འཕྲུལ་ཆས་སྤྱོད་སྐབས་མེ་སྤར་ནས་འཕྲུལ་འཁོར་ཚ་པོ་བཟོ་མི་རུང་།

4.གློག་སྐུད་གང་བྱུང་དུ་འཁྲིད་མི་རུང་།

5.ཐབ་ཆས་དང་དུ་ཁུང་འགྲམ་དུ་འབར་སླ་བའི་དངོས་པོ་སྤུངས་མི་རུང་།

6.འཚོ་བའི་ཁྲོད་དུ་བྱུང་བའི་གོ་ཐལ་གྱི་མེ་ཡོངས་སུ་ཤི་རྗེས་གཞི་ནས་ཕྱི་ལ་གཤོ་དགོས།

བཞི། མེ་སྐྱོན་ཉེན་བརྡ།

མེ་སྐྱོན་ཉེན་བརྡའི་ཁ་པར་119ཡིན། མེ་སྐྱོན་འཕྲད་ན་མགྱོགས་པོར་ཁ་པར་རྒྱག་དགོས། མེ་སྐྱོན་ཉེན་བརྡའི་ཁ་པར་རྒྱག་སྐབས། མེ་ཤོར་སའི་ས་ཆ་དང་། མེ་གང་ལ་ཤོར་ཡོད་མེད། མེ་འབར་བའི་རྒྱུ་དངོས། མི་ཁང་པའི་ནང་ལུས་ཡོད་མེད། འབར་གས་དང་དུག་རླངས་ཕྱིར་ཤོར་ཡོད་མེད། མེ་སྐྱོན་གྱི་གནས་ཚུལ། ཉེན་བརྡའི་ཁ་པར་རྒྱག་མཁན་གྱི་མིང་དང་ཁ་པར་བཅས་ཤོད་དགོས།

(བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)

མུ་མཐུད་འགོད་རྒྱུ།