འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་11ཉིན་གནས་ཚུལ་འབྱོར་གསལ། ཚེས་11ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་2025ལོའི་དུས་ཐེངས་དང་པོའི“སྲིད་གྲོས་ཀྱི་སློབ་ཁང”ལྷ་སར་གཉེར་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲང་ཧུང་ལིན་གདན་འདྲེན་ཞུས་པ་དང་། ཁོང་གིས“ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ནས་བོད་ཀྱི་དེང་རབས་ཅན་གྱི་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད”ཅེས་པའི་ཆེད་དོན་འཆད་ཁྲིད་སྤེལ་བ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ངག་དབང་དང་སྒྲོལ་དཀར་ཚོགས་འདུར་ཞུགས་པ་རེད།
ཀྲང་ཧུང་ལིན་གྱིས་དེང་རབས་ཞིང་ལས་དང་ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མའི་ནང་དོན་དང་། གོ་ལ་ཧྲིལ་པོའི་མཐོང་རྒྱའི་འོག་གི་གྲངས་འཛིན་ཞིང་ལས་ཉེར་སྤྱོད། ཐོན་སྐྱེད་ནུས་ཤུགས་གསར་མ་བོད་ལ་ལག་བསྟར་ཧུར་ཐག་བྱེད་པ། ནང་སྐྱེས་སྒུལ་ཤུགས་སྔོག་འདོན་དང་ས་གནས་དེ་གའི་ཐོན་ལས་དང་སྦྲེལ་མཐུད་བྱས་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་གཏོད་རྒྱུ་སོགས་ཕྱོགས་བཞིའི་ཐད་ནས་འགྲེལ་བཤད་གཏིང་ཟབ་བསྐྱོན་པ་རེད།