

འདི་ནི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོ་དང་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོར་ཁ་བཏགས་བསྒྲོན་ནས་འཚམས་འདྲིའི་དངུལ་སྤྲོད་བཞིན་པ།
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོ་དང་། གཞུང་དོན་དུ་རང་སྲོག་ཤོར་བའི་འདས་པོའི་ནང་མི། དཀའ་ངལ་ཡོད་པའི་ལས་བྱེད་ལས་བཟོའི་ནང་མི་བཅས་ལ་ཐུགས་ཁུར་དང་གུས་བཀུར་མཚོན་ཆེད། ཉེ་དུས་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་དོན་ཁང་གིས་དུས་ཆེན་གོང་གི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད།
ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོ་དང་། གཞུང་དོན་དུ་རང་སྲོག་ཤོར་བའི་འདས་པོའི་ནང་མིར་ཁ་བཏགས་བསྒྲོན་ཏེ་ཁོང་ཚོར་ཟོལ་མེད་ཀྱི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་དང་། དུས་ཆེན་གྱི་འཚམས་འདྲིའི་དངུལ་དང་དངོས་པོ་སྤྲད་པ་མ་ཟད། ད་དུང་ཁོང་ཚོ་དང་ཅི་འཕྲོས་མོལ་འཕྲོས་བཤད་དེ་ཁོང་ཚོའི་བདེ་ཐང་གི་གནས་ཚུལ་དང་། སྡོད་ཁང་གི་ཆ་རྐྱེན། ཁྱིམ་ཚང་གི་གནས་ཚུལ་བཅས་ཤེས་རྟོགས་བྱས་ནས་གྲོང་ཁྱེར་སྲིད་གཞུང་ལས་དོན་ཐད་ཀྱི་ཁོང་ཚོའི་བསམ་འཆར་དང་གྲོས་འགོ་ཉན་པ་རེད།