མི་དམངས་ཉིན་རེའི་དྲ་བ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱིས་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་དུ་རང་སྐྱོང་ལྗོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སྤྱི་ཕན་ཚོང་འདུས་དང“བོད་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་མནའ་འབྲེལ་འཆར་གཞི”ཁྱབ་བསྒྲགས་བྱེད་སྒོ་བདེ་བླག་ངང་གཉེར་ཡོད། དེའི་དམིགས་ཡུལ་ནི་དང་བླངས་ཞབས་ཞུའི་སྙིང་སྟོབས་སྔར་བས་དར་སྤེལ་དང་མང་ཚོགས་ཀྱི་དུས་ཆེན་གྱི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་སྟེ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྱོང་གཏིང་ཟབ་དང་རྒྱ་སྐྱེད་གཏོང་ཆེད་ཡིན་པ་རེད།
བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ཤེས་དཔལ་ལག་ལེན་གསོ་སྦྱོང་ཁྲུའི་ཁྲུའུ་ཀྲང་ཕུར་བསྟན་གྱིས། ཤེས་དཔལ་ལག་ལེན་མནའ་འབྲེལ་ནི་ཉེ་འཁོར་གྱི་དྲིལ་བསྒྲགས་རིག་གནས་སློབ་གསོའི་གཡུལ་ས་གཅིག་ཏུ་བསྒྲིལ་ཏེ་རོགས་ཟླའི་མནའ་འབྲེལ་ཞིག་ཆགས་པར་བྱས་ནས་ཤེས་དཔལ་ལག་ལེན་སྔར་བས་རྒྱ་སྐྱེད་དང་སྣུར་སྲིང་གིས་གྲོང་ཁྱེར་གྱི་ཤེས་དཔལ་ལག་ལེན་གྱི་ཐོན་ཁུངས་འཕེལ་བར་བྱས་ནས་ཆ་འཕྲིན་མཉམ་སྤྱོད་དང་། བྱེད་སྒོ་མཉམ་གཏོད། རྣམ་གྲངས་མཉམ་སྐྲུན་བཅས་བྱས་ནས་ཤེས་དཔལ་ལག་ལེན་རྒྱ་སྐྱེད་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས། (ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)