02

པར་རིས་གསར་འགྱུར། 2025年03月03日

ཉེ་དུས། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་རིག་དངོས་ཡོངས་བཤེར་ལས་དོན་དངོས་སུ་སྤེལ་འགོ་བཙུགས་པ་དང་། རིག་དངོས་ཡོངས་བཤེར་གྱི་ཁྱབ་ཁོངས་ནི་སྟོད་ལུང་བདེ་ཆེན་ཆུས་མངའ་ཁོངས་ཀྱི་ས་སྟེང་དང་། ས་འོག ཆུ་འོག་སོགས་ཀྱི་སྤོ་མི་རུང་བའི་རིག་དངོས་ཡིན་པ་དང་། དེའི་ནང་གནའ་བོའི་རིག་གནས་གནའ་ཤུལ་དང་། གནའ་བོའི་བང་སོ། གནའ་བོའི་སྐྲུན་དངོས། བྲག་ཕུག ལྷ་ཁང་། རྡོ་བརྐོས་སོགས་རིགས་ཆེན་པོ་དྲུག་དང་ཞིབ་ཕྲའི་རིགས་ཆུང་བ་63ཚུད་ཡོད། འདི་ནི་ཡོངས་བཤེར་རུ་ཁག་གིས་རིག་དངོས་ཀྱི་ཆ་འཕྲིན་འཚོལ་བསྡུ་བྱེད་བཞིན་པ།