འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། དེ་རིང་བོད་ལྗོངས་རྟེན་མཛོད་ཁང་གི་ཚོམས་ཆེན་ཨ་མར་འཁྲུག་ཆ་ཧ་ཅང་དོད་པོ་ཡོད།
དེ་གར་ལོ་གསར་གྱི་དམངས་ཁྲོད་རོལ་དབྱངས་དཀྲོལ་གཏོང་དང་། སྒོར་གཞས་འཁྲབ་པ། ཕྱེ་མར་དང་མཆོད་ཆང་འགྱོག་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་མ་ཟད། ད་དུང་ཆེད་ལས་འཁྲབ་སྟོན་རུ་ཁག་གིས་འཁྲབ་པའི་འབྲས་དཀར་དང་སྲོལ་རྒྱུན་གྱི་འབྲོང་རྩེད་སོགས་ཀྱི་ལེ་ཚན་ཡང་བཀོད་སྒྲིག་བྱས་ཡོད་པ་རེད། སྤྲོ་སྣང་ལྡན་པའི་རོལ་ཆ་དང་འཁྲུག་ཆ་དོད་པའི་ཁོར་ཡུག་ཁྲོད་ཚང་མས་བོད་ཀྱི་ལོ་གསར་གྱི་སྤྲོ་སྣང་དང་བཀྲ་ཤིས་པའི་རྣམ་པ་ཟབ་མོ་ཚོར་ཡོད།
རྟེན་མཛོད་ཁང་གི་ཐོག་སོ་གཉིས་པའི་གནའ་དཔེ་འགྲེམས་སྟོན་ཁང་དུ་སྐྱོད་སྐབས། ལྟད་མོ་ལྟ་མཁན་མང་ཚོགས་རྣམས“དཔེ་དེབ་ལ་བརྟེན་ནས་གྲོགས་པོ་སྒྲིག་པའི”བོད་ཡིག་ཡིག་གཟུགས་མཉམ་འགུལ་ཉམས་ལེན་དང་། བོད་ཤོག་བཀབ་དཔར་ཉམས་ལེན། དེ་བཞིན“ཚད་ལྡན་ཡིག་ཆ་གཞིར་བཟུང་གནའ་དཔེ་འཚོལ་བ”སོགས་ཀྱི་བྱེད་སྒོར་ཞུགས་ནས་བོད་ཡིག་ཡིག་གཟུགས་ཀྱི་ཐུན་མོན་མ་ཡིན་པའི་ཁྱད་ཆོས་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ། གནའ་དཔེའི་གསང་བ་འཚོལ་ཞིབ་ཀྱི་ཡུལ་སྐོར་ཞིག་ཉམས་ལེན་བྱས་པ་རེད།