འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། 2024ལོ་ཚུན་དུ། ནག་ཆུ་གྲོང་ཁྱེར་གྱིས“ཆབ་སྲིད་ཀྱི་ཚད་གཞི་དང་། བློ་སྒྲིལ་སེམས་སྐྱེད། ནུས་པ་འདོན་པ། སྤྱོད་གཙང་འགན་འཁུར”བཅས་ལ་དམིགས་ནས་ཏང་ཡོན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ནག་ཆུ་གྲོང་ཁྱེར་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱས་ཡོད།
ཆབ་སྲིད་ཀྱི་ཚད་གཞི་མངོན་གསལ་དོད་དུ་བཏང་ནས་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་ཅིང་། སྙིང་གཏམ་ཤོད་པ་དང་བཅར་འདྲི་དང་བརྟག་དཔྱད་སོགས་ཀྱི་བྱེད་ཐབས་བརྒྱུད་ཏང་ཞུགས་རེ་ཞུ་འབུལ་མཁན་ལ་བསམ་བློ་ཆབ་སྲིད་ཀྱི་ཞིབ་དཔྱད་བྱས་ཏེ“སྐྱོན་ཅན་ཏང་ཞུགས”ནུས་ལྡན་ངང་བཀག་འགོག་བྱས་ཡོད། རྫོང་རིམ་པའི་སྒྲིག་བསྟར་ཁྲིམས་སྒྱུར་སྡེ་ཚན་གྱི་ཆབ་སྲིད་ཞིབ་བཤེར་དང་མཉམ་བཤེར་ལམ་ལུགས་དོན་འཁྱོལ་བྱས་ཏེ་གསར་དུ་འཕེལ་རྒྱས་བཏང་བའི་ཏང་ཡོན་ཆབ་སྲིད་ཐད་ཚད་གཞི་ལོན་པ་དང་སྤུས་ཚད་ལེགས་པའི་འགན་ལེན་བྱས་ཡོད།
བློ་སྒྲིལ་སེམས་སྐྱེད་མངོན་གསལ་དོད་དུ་བཏང་ནས་སློབ་གསོར་ཤུགས་སྣོན་བརྒྱབ་ཅིང་། ཏང་ཡོན་གྱི་སློབ་གསོའི་ཐབས་ལམ་གསར་པ་དང་བྱེད་ཐབས་གསར་པ་མཐའ་འཁྱོངས་བྱས་ཏེ་ཏང་ཡོན་གྱི་སློབ་གསོ་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་ཡོད། རིམ་ཁག་ཏང་གི་སློབ་གྲྭས་ཏང་ཡོན་གྱི་གཅིག་སྡུད་སློབ་གསོ་གསོ་སྦྱོང་གི་ལས་དོན་རྒྱུན་མཐུད་སྤེལ་ནས་གྲོང་ཁྱེར་རིམ་པའི་གཙོ་གནད་གསོ་སྦྱོང་དང་། རྫོང(ཆུས)གི་ཡོངས་ཁྱབ་གསོ་སྦྱོང་། གཞི་རིམ་ཏང་ཨུད་ཀྱི་ཐ་སྐྱོང་གསོ་སྦྱོང་བཅས་རིམ་གསུམ་གསོ་སྦྱོང་མ་ལག་ཆགས་པར་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་། ཚན་ཁག་གི་ཁོངས་མི། ཏང་ཡོན་དཀྱུས་མ་བཅས་ལ་གཅིག་སྡུད་གསོ་སྦྱོང་བྱས་ཡོད།
ནུས་པ་འདོན་རྒྱུ་མངོན་གསལ་དོད་དུ་བཏང་ནས་དོ་དམ་ལ་ཤུགས་སྣོན་བརྒྱབ་ཅིང་། “ལས་ཐོག་ཏང་ཡོན་གཞི་རིམ་དུ་སྐྱོད་པ”དང“ངས་མང་ཚོགས་ཆེད་བྱ་བ་དངོས་སྒྲུབ་པའི”ལག་ལེན་གྱི་བྱེད་སྒོ་སྤེལ་ཞིང་། 2024ལོ་ཚུན་དུ་རིམ་རྩིས་བརྒྱབ་ན་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་9100ལྷག་ཙམ་སྤེལ་ནས་དམངས་འཚོའི་གནད་དོན་ཁག་1200ལྷག་ཙམ་ཐག་གཅོད་བྱས་ཡོད།
སྤྱོད་གཙང་འགན་འཁུར་མངོན་གསལ་དོད་དུ་བཏང་ནས་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ཅིང་། སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་། རྩ་འཛུགས། སྤྱི་བདེ་བཅས་སྡེ་ཚན་གྱི་ཏང་ཡོན་གྱི་སྒྲིག་འགལ་ཁྲིམས་འགལ་གྱི་ཆ་འཕྲིན་སྤེལ་རེས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཏང་ཡོན་གྱི་སྒྲིག་འགལ་ཁྲིམས་འགལ་གྱི་ཆ་འཕྲིན་དུས་ཐོག་ཏུ་མཉམ་སྤྱོད་བྱས་ཏེ་སྡེ་ཚན་མཉམ་འགུལ་མངོན་འགྱུར་དང་ལས་ཀའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཡོད། “ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་ལྷག་དོན་དུ“འགན་འཁྲི་གཙང་འཁུར”མི་སྣའི་ལྟ་འདོམས་ལ་ཤུགས་སྣོན་དང་ལས་འཁུར་ཐོབ་ཐང་གི་ཞིབ་བཤེར་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས། སྐྱོན་ཅན་ཏང་ཡོན་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཡོད།