ཕྱིར་འཐེན།
སྐལ་བཟང་དབང་མོའི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པ་དང་། ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིབ་དཔྱོད་པ་བཅས་ཀྱི་གོ་གནས་ཕྱིར་འཐེན་བྱ་རྒྱུ།
ལིའུ་ཀྲི་ཀང་གི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཞིབ་དཔྱོད་པའི་གོ་གནས་ཕྱིར་འཐེན་བྱ་རྒྱུ།
གོ་གནས་ཕྱིར་འཐེན་གྱི་ཆོག་མཆན།
མཱ་གོ་ཡིང་གི་ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གི་གོ་གནས་ཕྱིར་འཐེན་བྱ་རྒྱུ།
མིག་དམར་བསྟན་འཛིན་གྱི་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གི་གོ་གནས་ཕྱིར་འཐེན་བྱ་རྒྱུ།
བསྐོ་གཞག
ཀྲང་པོ་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་མངའ་རིས་ཡན་ལག་ཁང་གི་ཞིབ་དཔྱོད་པར་བསྐོ་གཞག་བྱ་རྒྱུ།
གོ་གནས་བསྐོ་གཞག་གི་ཆོག་མཆན།
སྐལ་བཟང་དབང་མོ་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ལ་བསྐོ་གཞག་བྱ་རྒྱུ།
ཐང་ཁའེ་ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ལ་བསྐོ་གཞག་བྱ་རྒྱུ།