ཨན་ཧུའེ། འདི་ནི་ཟླ་12ཚེས་27ཉིན། ཨན་ཧུའེ་ཞིང་ཆེན་ཧོའེ་པེ་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གསུམ་པའི་ཕྲུ་གུ་ཚོས་ལོ་གསར་བསུ་བའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།
ཅང་སུའུ། འདི་ནི་ཟླ་12ཚེས་26ཉིན། ཅང་སུའུ་ཞིང་ཆེན་ཤིན་ཧ་གྲོང་ཁྱེར་ཤིན་ཧྲེང་ལྟེ་བའི་སློབ་ཆུང་དུ་ཕྲུ་གུ་ཚོས་དགེ་རྒན་གྱི་མཛུབ་ཁྲིད་འོག་འབྲུག་རྩེད་དང་སེང་རྩེད་ཉམས་ལེན་བྱེད་བཞིན་པ།
ཧོ་པེ། འདི་ནི་ཟླ་12ཚེས་27ཉིན། ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ཧྥུང་རུན་ཆུས་སྤྱི་གླིང་ཁྲོམ་གཞུང་སློབ་ཆུང་གི“ཡིག་གཟུགས་མཁས་པ”ཚོས་ལོ་གསར་བསུ་བའི་བརྩམས་ཆོས་འབྲི་བཞིན་པ།
ཀྲེ་ཅང་། འདི་ནི་ཟླ་12ཚེས་26ཉིན། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཏེ་ཆིང་རྫོང་ལྟེ་བའི་བུ་བཅོལ་ཁང་དུ་ཕྲུ་གུ་ཚོ་སྲོལ་རྒྱུན་གྱི་དམངས་སྲོལ་བྱེད་སྒོར་ཞུགས་བཞིན་པ།
གནམ་ལོ་གསར་ཚེས་འཆར་ལ་ཉེ་བས་ས་གནས་ཁག་གི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གིས་ལོ་གསར་བསུ་བའི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད།