འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་2024ལོའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་སློབ་སྦྱོང་གསལ་ཞུ་དང་། སློབ་སྦྱོང་དཔྱད་འཇོག སློབ་སྦྱོང་རྒྱུགས་ལེན་བཅས་ཀྱི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་དང་སྤུས་ཚད་མཐོ་བའི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནས་བཟུང་། རང་ལྗོངས་ཀྱི་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཚན་པ་ཁག་གིས་ཆབ་སྲིད་འཛུགས་སྐྱོང་ལ་དམིཌ་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས་ནས་དད་མོས་ཟབ་ཏུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་མཐོང་ཆེན་བྱེད་པའི་མཐོ་ཚད་ནས་རིཌ་པའི་གཞུང་ལུགས་སློབ་སྦྱོང་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ། “གྲོས་དོན་དང་པོར”བརྟེན་ནས་སློབ་སྦྱོང་ལ་དམ་འཛིན་དང་། “བརྩི་སྲུང་དང་པོར”བརྟེན་ནས་ལག་བསྟར་ལ་དམ་འཛིན། “ཆ་རྐྱེན་གལ་ཆེན་དང་པོར”བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བཅས་མཐའ་འཁྱོངས་བྱས་ཏེ། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ལས་ཁུངས་ཀྱི་འདུ་ཤེས་ཟབ་ཏུ་དང་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སློབ་གསོ་མུ་མཐུད་གཏིང་ཟབ་སྤེལ་བ། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས། “གཏན་འཁེལ་གཉིས”ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལྗོངས་ཐད་གཏོགས་ལས་ཁུངས་སུ་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་བཏང་བ་རེད།
ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཅན་ཧུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར། རང་ལྗོངས་ཀྱི་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཚན་པ་ཁག་གིས“མདུན་དུ་བསྐྱོད་དེ་དཔེ་སྟོན་བྱེད་པའི”འགན་འཁྲི་དང་ལས་འགན་ཁོང་དུ་གཏིང་ཟབ་ཆུད་པ་དང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བའི་དམིགས་ཚད་དང་ལས་འགན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། ཟབ་གཏོང་དང་སྤུས་ཚད་མཐོ་བ་གཉིས་ཀྱི་མཉམ་འདྲེས་ལ་མཐོང་ཆེན་དང་། ནང་སེམས་སུ་ཟུག་པའི་ཁྲོད་སྤུས་ཚད་མཐོན་པོར་ཞུན་བརྡར་གཏོང་བར་མཐོང་ཆེན། གཞན་འགྱུར་ཁྲོད་ལས་ཆོད་ཆེན་པོའི་དོན་འཁྱོལ་ལ་མཐོང་ཆེན། འགན་འཁྲི་ནན་དུ་གཏོང་རྒྱུ་མཐའ་འཁྱོངས་དང་། སྣེ་ཁྲིད་དཔེ་སྟོན་མཐའ་འཁྱོངས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བཅས་བྱས་ཏེ། རྒྱུན་སྲིང་ལྷོད་མེད་ཀྱིས་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ནས། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།