03

༄༅་། བཀྲ་ཤིས་གནམ་ལོ་གླུ་དང་གར་གྱིས་བསུ་། སྟོན་གྱི་ལོ་འདབ། 2024年12月29日

བཀྲ་ཤིས་གནམ་ལོ་གསར་པ་ཚེས་དུས་ལ། །

བཀྲ་ཤིས་བསང་དུད་སྨུག་སྤྲིན་བཞིན་དུ་འཁྱིལ། །

བཀྲ་ཤིས་ཕྱེ་མར་སྲིད་པའི་གངས་ལྟར་དཀར། །

བཀྲ་ཤིས་གཡང་གི་བདུད་རྩི་འཁྱིལ་བར་སྨོན། །

བཀྲ་ཤིས་མཁའ་ལ་འཁོར་ལོ་རྩིབས་བརྒྱད་མཚར། །

བཀྲ་ཤིས་ས་ལ་པད་མ་འདབ་བརྒྱད་བཞད། །

བཀྲ་ཤིས་བར་ན་ཞི་བདེའི་འཇའ་ཚོན་བཀྲ། །

བཀྲ་ཤིས་ལོ་འདིར་བསམ་དོན་ལྷུན་གྲུབ་ཤོག །

བཀྲ་ཤིས་ལྗོན་ཤིང་གཡུ་ལོ་རྒྱས་པ་ལ། །

བཀྲ་ཤིས་མཁའ་ནས་དྭངས་གཙང་ཁྲུས་ཆབ་གཏོར། །

བཀྲ་ཤིས་ལོ་དེར་ས་བཅུད་རབ་འཕེལ་ནས། །

བཀྲ་ཤིས་མི་ཕྱུགས་བདེ་སྐྱིད་དཔལ་ལ་རོལ། །

བཀྲ་ཤིས་སྣ་མང་རིག་རྩལ་ཁྲབ་སྟོན་དང་། །

བཀྲ་ཤིས་སྙན་འཇེབས་གླུ་སྒྲས་གནམ་ས་གཡོ། །

བཀྲ་ཤིས་འཕེལ་རྒྱས་གཏམ་བཟང་འབྲུག་ལྟར་ལྡིར། །

བཀྲ་ཤིས་གནམ་ལོ་གསར་པའི་དཔལ་ལ་རོལ། །

བཀྲ་ཤིས་

འཚོ་བ་གསར་པའི་ཉམས་བཟང་དེ། །

བཀྲ་ཤིས་

གངས་ལྗོངས་ས་མཐོའི་རྩེ་ནས་མངོན། །

བཀྲ་ཤིས་

མེས་རྒྱལ་ཁྲི་གདུགས་ཉི་མ་ལ། །

བཀྲ་ཤིས་

གླུ་དང་གར་གྱི་མཆོད་པ་འབུལ། །

བཀྲ་ཤིས་འཆམ་མཐུན་

སེ་འབྲུའི་རྡོག་ལྟར་སྒྲིལ། །

བཀྲ་ཤིས་ཤེས་དཔལ་ཟེའུ་འབྲུ་རབ་ཏུ་རྒྱས། །

བཀྲ་ཤིས་ཡུལ་ལ་ཞི་བདེའི་འབྲུ་དྲུག་སྨིན། །

བཀྲ་ཤིས་ལོ་འདིར་ཕྱྭ་དང་གཡང་གིས་བརྒྱན། །

བཀྲ་ཤི

ས་ཚེ་རིང་རྣམ་དྲུག་གཡས་སུ་འཁྱིལ། །

བཀྲ་ཤིས་

མཐུན་པ་སྤུན་བཞི་གཡོན་དུ་འཁྱིལ། །

བཀྲ་ཤིས་

མངའ་ཐང་ལོངས་སྤྱོད་དབུས་སུ་འཁྱིལ། །

བཀྲ་ཤིས་གནམ་ལོ་གསར་པ་དགའ་བས་བསུ། །

བཀྲ་ཤིས་ལོ་ལེགས་ཆང་གི་བདུད་རྩི་འཁྱིལ། །

བཀྲ་ཤིས་ཞོ་དང་འོ་མའི་རྒྱ་མཚོ་འཁྱིལ། །

བཀྲ་ཤིས་མི་ནོར་དར་ཞིང་རྒྱས་གྱུར་ནས། །

བཀྲ་ཤིས་ལོ་ལ་བྲོ་ཡི་མཆོད་པ་འབུལ། །

བཀྲ་ཤིས་ཆ་འཕྲིན་ཚན་རྩལ་ལོ་འདབ་རྒྱས། །

བཀྲ་ཤིས་དམངས་ལ་བདེ་སྐྱིད་ལོངས་སྤྱོད་འཛོམས། །

བཀྲ་ཤིས་འཕྲོད་བསྟེན་སློབ་གསོའི་བྱ་གཞག་ཀུན། །

བཀྲ་ཤིས་ཡར་ངོའི་ཟླ་ལྟར་གོང་འཕེལ་ཤོག །

བཀྲ་ཤིས་རྒན་རྒོན་ཚེ་རིང་ལོ་བརྒྱ་དང་། །

བཀྲ་ཤིས་གཞོན་ནུ་ཚེ་བསོད་དབང་ཐང་འཕེལ། །

བཀྲ་ཤིས་ལོ་ཆུང་བདེ་ཞིང་ཤེས་བྱས་ཕྱུག །

བཀྲ་ཤིས་ལོ་འདིར་བསམ་དོན་ལྷུན་གྲུབ་ཤོག །

བཀྲ་ཤིས་མེས་རྒྱལ་གསེར་གྱི་བུམ་པ་ལ། །

བཀྲ་ཤིས་མི་རིགས་འཁོར་ལོ་བཞིན་དུ་འཁོར། །

བཀྲ་ཤིས་ཞི་མཐུན་དཔྱིད་དཔལ་རབ་བཞད་ནས། །

བཀྲ་ཤིས་འཛམ་གླིང་ཞི་བདེ་ཡོང་བར་ཤོག །