06

པར་རིས་གསར་འགྱུར། 2024年12月25日

ལོ་ཕྱེད་ཙམ་གྲ་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད། ཉེ་ཆར་དེ་སྔའི་གླིང་སྐོར་ཤར་ལམ་སྦྲག་སྲིད་ཉིང་ལག་ཅུས་ཀྱི་རྨང་གཞིའི་ཐོག་ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་གླིང་སྐོར་ཤར་ལམ་ལས་གཉེར་ཁང་དངོས་སུ་སྤྱོད་འགོ་བཙུགས་ཏེ། སྦྲག་སྲིད་ཚོགས་པ་བོད་ལྗོངས་ཡན་ལག་ཀུང་སིའི་དངུལ་རྩའི་ཞབས་ཞུའི་ཁྱབ་རྒྱ་སྔར་བས་ཆེ་རུ་དང་སྤྱོད་མཁན་གྱི་ཉམས་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་ལེགས་ཀྱི་དངུལ་རྩ་དང་སྦྲག་སྐྱེལ་གྱི་ཞབས་འདེགས་ཞུས་པ་རེད། འདི་ནི་ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་གླིང་སྐོར་ཤར་ལམ་ལས་གཉེར་ཁང་གི་སྒོ་བྱང་གི་ཡོལ་ཁེབས་ཕྱེ་བཞིན་པ།