འདི་ག་ཚགས་པར་ཁང་དུ་ཆུ་གསུམ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཆུ་གསུམ་རྫོང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་འཐབ་ཕྱོགས་གཅིག་གྱུར་པུའུ་དང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དང་མཉམ་དུ་གློག་ཆོས་སྡེ་དགོན་དང་ཅིན་ཧུའེ་མ་འཇོག་ཚད་ཡོད་ཀུང་སིར་བསྐྱོད་དེ། གཞུང་ཁོངས་ཁེ་ལས་དང་དགོན་སྡེར་དྲ་རྒྱའི་ཤེས་དཔལ་དར་སྤེལ་གཏོང་བའི་བྱེད་སྒོ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་དགོན་སྡེའི་དགེ་འདུན་པ་དང་གཞུང་ཁོངས་ཁེ་ལས་ཀྱི་ལས་བཟོས་དྲ་རྒྱའི་ཤེས་དཔལ་ལ་རྒྱུས་མངའ་ཟབ་ཏུ་དང་མཐོང་བྱེད་ཤུགས་དེ་བས་ཆེ་རུ་བཏང་ནས་ཡང་དག་པའི་དྲ་རྒྱའི་འདུ་ཤེས་འཛུགས་པ་དང་། ཡར་ཐོན་གྱི་དྲ་རྒྱའི་ཀུན་སྤྱོད་དར་སྤེལ་གཏོང་བ། བདེ་འཇགས་ཀྱི་དྲ་རྒྱའི་རིག་གནས་བརྒྱུད་སྤེལ་བཅས་བྱས་ཏེ། ཐུན་མོང་ཐོག་དྭངས་གཙང་གི་དྲ་རྒྱའི་བར་མཐོངས་ཤིག་གཏོད་ཆེད་རེད།
ལས་དོན་པས་དགོན་སྡེའི་དགེ་འདུན་པ་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ། ཡ་རབས་ངང་དྲ་བར་ཞུགས་པ། གློག་འཕྲིན་ཁ་བསླུས་ལ་འགོག་ཟོན། མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོང་སོགས་ཀྱི་དྲ་རྒྱའི་བདེ་འཇགས་ཤེས་བྱ་སྒྲོག་འགྲེལ་བྱས་པ་དང་ཆབས་ཅིག ཁོང་ཚོར་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་དྲ་རྙིར་མི་ཚུད་པ་དང་། ཁྲིམས་དང་ཚན་རིག་དང་མཐུན་པའི་སྒོ་ནས་དྲ་བར་ཞུགས་ཏེ། བསམ་བློའི་རྨང་གཞི་དེ་བས་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་ཁྲིད་སྟོན་བྱས་པ་རེད།
དྲ་རྒྱའི་བདེ་འཇགས་སྐོར་གྱི་རྒྱུན་ཤེས་དང་། ཡ་རབས་ངང་དྲ་བར་ཞུགས་པ། དྲ་རྒྱའི་ཁ་བསླུས་སྔོན་འགོག་སོགས་ཀྱི་ནང་དོན་ལ་དམིགས་ནས། ལས་དོན་པས་ཁེ་ལས་ཀྱི་ལས་བཟོ་ཚོར་དྲ་རྒྱའི་ཤེས་དཔལ་དྲིལ་བསྒྲགས་ཀྱི་དངོས་པོ་སྤྲད་པ་རེད།
(དམ་ཆོས་མི་ཕམ་གྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)