འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྣ་དཀར་རྩེ་རྫོང་གིས་ཧུའུ་ནན་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ། བདེ་འཇགས་ཐོན་སྐྱེད་དང་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་གི་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་བྱས་པར། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་10ཡི་འབྲེལ་ཡོད་ལས་བྱེད་པ་བསྡོམས་མི་40ལྷག་ཙམ་ཞུགས་ཡོད་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་ནང་གཙོ་བོ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་བྱ་སྤྱོད་དང་། གཞི་རིམ་ལས་བྱེད་པས་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་ལེན་ཡང་དག་བསྟར་བ། ཐོལ་བྱུང་དོན་རྐྱེན་ཐོན་རིང་མྱུར་སྐྱོབ་ཁ་འགྲེམས་དང་ཉེན་གཡོལ་སྲོག་ཐར་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཆེད་དོན་འགྲེལ་བཤད་བརྒྱབ་པ་རེད། སློབ་ཚན་ཁྲིད་ཡུལ་དུ་བདེ་འཇགས་ཐོན་སྐྱེད་ལས་འཛོལ་གྱི་གྱོད་དཔེའི་ཉེན་བརྡའི་པར་གཞི་སྟོན་པ་དང་། ལྗོངས་ཕྱི་ནང་གི་དཔེ་མཚོན་གྱོད་དཔེར་དབྱེ་ཞིབ་སོགས་ཀྱི་རྣམ་པའི་ཐོག་ནས་སློབ་ཁྲིད་བྱས་པ་རེད།