07

སྟག་རྩེ་ཆུས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས། ཁྲིམས་དང་མ་མཐུན་པའི་གཉེར་སྐྱོང་བྱེད་རིགས་ལ་ཆེད་དོན་བཅོས་སྒྲིག་བྱས་པ། 2024年12月20日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཁྲིམས་དང་མ་མཐུན་པར་གཉེར་སྐྱོང་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་ཏན་ཏིག་གཏོང་བ་དང་། ཁྲིམས་མཐུན་གཉེར་སྐྱོང་བ་དང་རྒྱ་ཆེའི་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་སྒྲིག་ལམ་བརྟན་ལ་གོ་རིམ་ལྡན་པ་ཡོང་བར་འགན་ལེན་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་སྟག་རྩེ་ཆུས་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཁྲིམས་སྒྱུར་རུ་ཆེན་དང་མཉམ་དུ་ཡུལ་སྐོར་ཆེད་སྤྱོད་ལམ་ཐིག་ཏུ་ཁྲིམས་དང་མ་མཐུན་པའི་གཉེར་སྐྱོང་བྱེད་རིགས་ལ་ཆེད་དོན་བཅོས་སྒྲིག་བྱས་པ་རེད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)