འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། དངུལ་རྩའི་ཤེས་བྱ་ཁྱབ་གདལ་གཏོང་བའི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་དངུལ་རྩའི་ཞབས་ཞུའི་ནུས་པ་ཆེ་རུ་ནུས་ལྡན་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཨུད་ནོར་དཔལ་ལས་དོན་ཨུ་ལྷན་གཞུང་དོན་་ཁང་གིས“དངུལ་རྩའི་ཤེས་བྱའི་འཆད་ཁྲིད་ཆེན་པོའི”བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། ཆེད་ལས་འཆད་ཁྲིད་དགེ་རྒན་མཱ་ཅན་ཤིན་དང་ཀྲའོ་ཏན་དབྱང་གིས་འབྲེལ་ཡོད་དོན་ཚན་ལ་གོ་བདེ་ཤེས་སླའི་དབྱེ་ཞིབ་བྱས་ནས་ཚང་མར་ལུགས་མཐུན་བཀོལ་སྤྱོད་ཀྱི་གལ་ཆེའི་རང་བཞིན་གསལ་པོ་ཡོང་བར་བྱས་པ་དང་སྦྲགས། འབྲེལ་ཡོད་ཀྱི་གྱོད་དཔེར་དབྱེ་ཞིབ་བྱས་པ་བརྒྱུད། ཚང་མས་ཁ་བསླུས་རྒྱག་ཐབས་སྣ་ཚོགས་ལ་ངོས་འཛིན་ཐུབ་པར་བྱས་ནས་དངུལ་རྩའི་གཡོ་འོག་ཏུ་མི་ཚུད་པར་བྱས་པ་རེད།