02

བོད་ཀྱི་S5ལམ་ཐིག་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ནས་ཚོད་ལྟའི་གཉེར་སྐྱོང་བྱེད་འགོ་ཚུགས་པ། ལྷ་ས་ནས་ལྷོ་ཁའི་བར་རླངས་འཁོར་ལ་བསྡད་ན་ཆུ་ཚོད་གཅིག་ལས་འགོར་གྱི་མེད་པ། 2024年12月20日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་18ཉིན་གནས་ཚུལ་འབྱོར་གསལ། ཟླ་12ཚེས་18ཉིན་གྱི་སྔ་དྲོར། བོད་ཀྱི་S5ལམ་ཐིག་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ(གཤམ་དུ་བོད་ལྗོངས་S5ལམ་ཐིག་ཅེས་བསྡུ་རྒྱུ)དངོས་སུ་ཤར་གཏོང་ཐུབ་ནས་ཚོད་ལྟའི་གཉེར་སྐྱོང་བྱས་པ་རེད།

བོད་ཀྱི་S5ལམ་ཐིག་རྣམ་གྲངས་ཀྱིས་ལྷ་ས་དང་ལྷོ་ཁ་གྲོང་ཁྱེར་གཉིས་འབྲེལ་མཐུད་ཐུབ་པ་དང་། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་ལྷ་ཉིང་མྱུར་བགྲོད་གཞུང་ལམ་གྱི་ལྟེ་བ་ནས་འགོ་བཙུགས་ཏེ་ལྷ་ཉིང་མྱུར་བགྲོད་གཞུང་ལམ་དང་འབྲེལ་མཐུད་བྱས་པ(ལམ་ཐིག་གཙོ་བོ་རྒྱལ་ལམ་318དང་སྦྲེལ་བ)རེད། དེའི་ཁྲོད་རྒོད་དཀར་ལའི་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་12.79ཡོད་པ་དང་ས་བབ་མཐོ་ཤོས་ལ་སྨི་4300ཙམ་ཡོད་པ་དང་། དེ་ནི་བོད་ཀྱི་S5ལམ་ཐིག་རྣམ་གྲངས་ཀྱི་ལམ་ཐིག་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་རེད། ཕུག་ལམ་དེར་རླངས་འཁོར་ཆུང་གྲས་ཀྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་80དང་ཟོག་འདྲེན་རླངས་འཁོར་ཆེ་གྲས་ཀྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་60ཡིན་ལ། ཁ་གྱེས་རྣམ་པའི་ཕུག་ལམ་གཉིས་དང་འཁོར་ལམ་བཞིའི་གཞུང་ལམ་གྱི་ཕུག་ལམ་ཇུས་འགོད་བྱས་ཡོད་པ་རེད།