03

ཀྲེ་ཅང་ཅ་ཤིང་དུ། སློབ་རའི་སེམས་ཁམས་སློབ་ཚན་གྱིས་གཞོན་ནུ་ལོ་ཆུང་གི་ལུས་སེམས་བདེ་ཐང་ལ་རོགས་རམ་བྱས་པ། 2024年12月19日

ཉེ་བའི་ལོ་ཤས་རིང་། ཀྲེ་ཅང་ཞིང་ཆེན་ཅ་ཤིང་གྲོང་ཁྱེར་ནན་ཧུའུ་ཆུས་སློབ་གསོའི་སྡེ་ཚན་གྱིས་ཀྲེ་ཅང་ཞིང་ཆེན་གྱི་སློབ་གྲྭའི་སེམས་ཁམས་བདེ་ཐང་སློབ་གསོའི་ཞིབ་འཇུག་དཔེ་སྟོན་ཁུལ་ཁག་དང་པོ་བསྐྲུན་པར་སྐུལ་འདེད་བཏང་ནས། སློབ་གྲྭ་འབྲིང་ཆུང་དུ་སེམས་ཁམས་བདེ་ཐང་གི་ཆེད་ལས་དགེ་རྒན་བཀོད་སྒྲིག་བྱས་ཏེ། སེམས་ཁམས་ཀྱི་ཚོགས་པའི་ཟུར་ཁྲིད་སློབ་ཚན་དང་། གཅིག་གཏད་གཅིག་གི་སེམས་ཁམས་ཟུར་ཁྲིད། ཕྱི་རོལ་དུ་རོལ་རྩེད་ལ་བརྟེན་ནས་གནོན་ཤུགས་ཆུང་དུ་གཏོང་བའི་སློབ་ཚན་སོགས་སེམས་ཁམས་བདེ་ཐང་གི་སློབ་ཚན་བཀོད་སྒྲིག་བྱས་པ་རེད།

འདི་ནི་ཟླ་12ཚེས་17ཉིན་ཅ་ཤིང་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ཚན་རྩལ་གྲོང་གི་སློབ་ཁུལ་དུ་སློབ་མ་ཚོས་སེམས་ཁམས་བདེ་ཐང་གི་ཚོགས་པའི་ཟུར་ཁྲིད་སློབ་ཚན་ཉན་བཞིན་པ།