07

ཁྲེང་ཀོན་ཆུས་ཀྱིས། རིག་སྟོབས་རོགས་སྐྱོར་རྣམ་གྲངས་དང་ཕྱུག་འགྱུར་སྣེ་ཁྲིད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་བ། 2024年12月18日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གཞི་རིམ་ལས་བྱེད་པའི་འགན་སྒྲུབ་ནུས་པ་དང་ཕྱུག་འགྱུར་སྣེ་ཁྲིད་པའི་འཇོན་ཐང་ཆེ་རུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུད་རྩ་འཛུགས་པུའུ་དང་ཏང་གི་སློབ་གྲྭས་མཉམ་དུ་ཁྲེང་ཀོན་ཆུས་ཀྱི་2024ལོའི་ལོ་འཁོར་གྱི་རིག་སྟོབས་རོགས་སྐྱོར་རྣམ་གྲངས་དང་ཕྱུག་འགྱུར་སྣེ་ཁྲིད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

སྣོད་བསྟུན་སློབ་ཁྲིད་ཀྱིས་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་ཤུགས་ཆེན་བཏང་ཞིང་། གསོ་སྦྱོང་མ་བྱས་གོང་། ཁྲེང་ཀོན་ཆུས་ཨུད་རྩ་འཛུགས་པུའུ་དང་ཏང་གི་སློབ་གྲྭས་གྲོང་ཚོའི(གྲོང་ལྷན)མཉམ་སྡེབ་དཔལ་འབྱོར་དང་གྲོང་གསེབ་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་འཕེལ་རྒྱས་གཏོང་བའི་དཀའ་གནད་ཤེས་རྟོགས་གཏིང་ཟབ་བྱས་པ་དང་། གསོ་སྦྱོང་བྱེད་རིང་། འབྲེལ་ཡོད་དགོས་མཁོ་དང་ཟུང་འབྲེལ་གྱིས་ཆེད་དོན་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་པའི་གྲས་སུ《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་རྒྱས་འགྲེལ》དང《ས་གནས་ཀྱི་ལེགས་ཆ་བཏོན་ནས་ས་གནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ》སོགས་ཀྱི་ནང་དོན་ཚུད་ཡོད། གསོ་སྦྱོང་བྱེད་རིང་། སློབ་མ་ཚོས་སློབ་སྦྱོང་ནན་ཏན་བྱས་པ་དང་འབྲེལ། དོན་དངོས་དང་ཟུང་འབྲེལ་གྱིས་བསམ་ཚུལ་སྤེལ་རེས་བྱས་ཏེ་ཕྱུག་འགྱུར་གྱི་འཇོན་ཐང་ཆེ་རུ་བཏང་ཡོད།

གཞི་རྟེན་སྣ་མང་ལ་བརྟེན་ནས་སྦྱངས་པ་གོ་ཆོད་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། གསོ་སྦྱོང་བྱེད་རིང་། རིགས་གཅིག་མཁས་ཅན་གྱི་རིགས་པའི་གཞུང་ལུགས་སློབ་ཁྲིད་དང་ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ། རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་དང་ལྟ་སྦྱོང་སློབ་ཚན་གཉིས་ཀར་སྐུལ་འདེད་བཏང་ནས། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དག་ལག་ལེན་དངོས་སུ་གང་མགྱོགས་སྤྱོད་ཐུབ་པ་དང་ཤེས་བྱ་ཁོང་དུ་ཆུད་པར་སྐུལ་འདེད་བཏང་ཡོད།

དོ་དམ་ནན་པོ་བྱས་ནས་གསོ་སྦྱོང་གི་ཕན་འབྲས་དངོས་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་ཅིང་། དོ་དམ་བྱ་ཐབས་ནན་པོ་སྤྱད་པ་བརྒྱུད། གསོ་སྦྱོང་རིང་སློབ་ཁྲིད་ཀྱི་སྒྲིག་ལམ་ཡག་པ་དང་སློབ་སྦྱོང་གི་རྣམ་པ་ཟབ་མོ་མཐའ་འཁྱོངས་ཐུབ་ནས། གསོ་སྦྱོང་ལ་ཞུགས་མཁན་སློབ་མས་སློབ་སྦྱོང་གི་ལས་འགན་སྤུས་འབོར་གཉིས་ལྡན་ངང་ལེགས་སྒྲུབ་བྱེད་པར་མཐུན་རྐྱེན་བསྐྲུན་ཡོད།

ད་ཐེངས་ཀྱི་གསོ་སྦྱོང་ལས་ཁྲེང་ཀོན་ཆུས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པའི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་དང་རྩལ་ནུས་ཆེ་རུ། ཤེས་བྱ་གསོག་མང་དུ་ཕྱིན་པ་མ་ཟད། ཕྱུག་འགྱུར་སྣེ་ཁྲིད་པའི་ཕྱུག་འགྱུར་དང་ཕྱུར་འགྱུར་ལ་སྣེ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་ཕྱིན་ནས། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་ཆེད་ཤེས་ལྡན་པའི་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། ཉི་དོན་གྱིས་ཞུས)