05

སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་ནམ་མཁའ་སྡེ་ཁུལ་གྱིས། ཞིང་འབྲོག་སྒྲོག་འགྲེལ་པ་སྒྲིག་འཛུགས་བྱས་ཏེ་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་གསལ་འགྲེལ་བརྒྱབ་པ། 2024年12月18日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་ནམ་མཁའ་སྡེ་ཁུལ་གྱིས་མེ་ཟོན་བདེ་འཇཌ་ཤེས་བྱ་སྒྲོག་འགྲེལ་བྱས་པ་རེད།

བྱེད་སྒོ་སྤེལ་རིང་། ནམ་མཁའ་སྡེ་ཁུལ་གྱི་གཞི་རིམ་ཞིང་འབྲོག་སྒྲོག་འགྲེལ་པས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་གྲོང་མིར་ཁྱིམ་ཚང་གི་མེ་སྐྱོན་སྔོན་འགོག་དང་རྒྱུན་གཏན་མེ་སྤྱོད་སྐབས་སོགས་ཀྱི་མེ་སྐྱོན་སྔོན་འགོག་གི་ཤེས་བྱ་ཁྱབ་གདལ་བཏང་བ་རེད། གྲོང་མིར་བྱ་བ་ཆུང་ཙག་ནས་འགོ་བཙུཌ་ཏེ་མེ་དང་གློག་སྤྱོད་སྐབས་གོམས་གཤིས་བཟང་པོ་འཇགས་པར་བྱེད་དགོས་པ་དང་འབྲེལ“ཁྱིམ་དུ་མེ་སྤར་ནས་ཕྱིར་མི་འགྲོ་་བ་དང་། ཕྱིར་ཐོན་སྐབས་སོལ་རླངས་བཀག་པ། སོལ་རླངས་ཤོར་སྐབས་གཅུས་སྒོ་རྒྱག་པ། མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་བ”སོགས་མེ་ཟོན་བདེ་འཇགས་ཀྱི་ཚད་གཞིར་བརྩི་སྲུང་ནན་པོ་ཞུ་དགོས་པའི་དྲན་སྐུལ་བྱས་པ་རེད། གྲོང་མི་ཚོས་སྦྱངས་པའི་ཤེས་བྱ་དེ་དག་རྒྱུན་གཏན་གྱི་འཚོ་བའི་ནང་སྤྱོད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོ་བརྒྱུད། སྡེ་ཁུལ་གྱི་གྲོང་མིའི་བདེ་འཇགས་ཀྱི་དོགས་ཟོན་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ནས་སྡེ་ཁུལ་ལ་བདེ་འཇགས་དང་། བརྟན་ལྷིང་། ཞི་མཐུན་བཅས་ཀྱི་འཚོ་བའི་ཁོར་ཡུག་ཅིག་བཏོད་ཡོད་པ་རེད།