↑འདི་ནི་སློབ་མས་མེ་ཟོན་རོགས་སྐྱོབ་གྲུ་གཟིངས་ལ་ཉམས་ལེན་བྱེད་བཞིན་པ།
↑འདི་ནི་སློབ་མས་མེ་ཟོན་ཡོ་བྱད་ལ་ལྟ་སྐོར་བྱེད་བཞིན་པ།
ཉིན་ཤས་གོང་གཞིས་རྩེ་གྲོང་ཁྱེར་གྱི་2024ལོའི“119”མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པར་སྤེལ་འགོ་ཚུགས་ཡོད། མེ་ཟོན་དྲིལ་བསྒྲགས་ཟླ་བའི་རིང་གཞིས་རྩེའི་མེ་ཟོན་སྡེ་ཚན་གྱིས“དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”གྱི་བྱེད་སྟངས་སྤྱད་དེ། སྤྱི་དམངས་ཀྱིས་མེ་ཟོན་བདེ་འཇགས་ཤེས་བྱ་སྦྱོང་བར་སྐུལ་འདེད་བཏང་ནས། བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་ནུས་པ་ཆེ་རུ་བཏང་བ་རེད། → འདི་ནི་མེ་ཟོན་པས་སློབ་མར་མེ་གསོད་ཡོ་བྱད་སྤྱོད་སྟངས་སློབ་བཞིན་པ།