05

ཟངས་རི་རྫོང་རོང་ཤང་གིས། དགུན་དུས་ཀྱི་ནགས་ཚལ་མེ་སྐྱོན་སྔོན་འགོག་དང་འཕྲལ་སྡོམ་དོ་དམ་གྱི་ནང་སྦྱོང་བྱས་པ། 2024年12月18日

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་གཞི་རིམ་གྱི་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་གཏོང་ཆེད། ཉིན་ཤས་གོང་ཟངས་རི་རྫོང་རོང་ཤང་གིས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ། དགུན་དུས་ཀྱི་ནགས་ཚལ་མེ་སྐྱོན་སྔོན་འགོག་དང་འཕྲལ་སྡོམ་དོ་དམ་གྱི་ནང་སྦྱོང་བྱས་པ་རེད།

ཐེངས་འདིའི་ནང་སྦྱོང་ནང་ནགས་ཚལ་ལ་མེ་ཤོར་ཁུལ་བྱས་ནས་དང་ཐོག་ནང་སྦྱོང་ལ་ཞུགས་མཁན་ཚོར་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་གི་དོན་སྙིང་གལ་ཆེན་དང་ཐག་གཅོད་བྱེད་པའི་འགག་རྩའི་རྒྱུ་རྐྱེན་འགྲེལ་བཤད་བརྒྱབ་པ་དང་། དེ་རྗེས་ཤང་གི་ལས་བྱེད་པ་དང་། ལས་བྱེད་ཉེན་རྟོག་པ། འཕྲོད་བསྟེན་ཁང་གི་མི་སྣ། ཡུལ་དམག་སོགས་ནང་སྦྱོང་ལ་ཞུགས་མཁན་འཕྲལ་དུ་སྒྲིག་འཛུགས་བྱས་ནས་ནང་སྦྱོང་བྱས་པ་རེད། ནང་སྦྱོང་གི་བརྒྱུད་རིམ་ཧྲིལ་པོ་ཛ་དྲག་ལ་གོ་རིམ་ལྡན་པ་དང་ནང་སྦྱོང་ལ་ཞུགས་མཁན་ཚང་མས་བཀའ་བཀོད་ལྟར་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་སྔོན་གཏན་འཁེལ་བའི་ས་ཆར་དུས་ཐོག་ཏུ་འབྱོར་བར་བྱས་ཏེ། མེ་གསོད་དང་། རྨས་མ་སྐྱོབ་བཅོས། བགྲོད་ལམ་གྱི་འགྲིམ་འགྲུལ་སྒྲིག་ལམ་སྲུང་བ་སོགས་ཀྱི་ནང་སྦྱོང་སློབ་ཚན་ནུས་ལྡན་ངང་སྤེལ་བ་རེད།

(དམ་ཆོས་མི་ཕམ་གྱིས་སྒྱུར་ཞུས་བྱས)