“119”མེ་ཟོན་དྲིལ་བསྒྲགས་ཟླ་བའི་རིང་གི་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་མེ་ཟོན་བདེ་འཇགས་ཀྱི་སློབ་གསོར་ཤུགས་སྣོན་ཏན་ཏིག་རྒྱག་ཆེད། ཉིན་ཤས་བསྟུད་མར་ལྷོ་ཁ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“སྐྱོད་པ་དྲུག”དེ་སྤྱི་ཚོཌ་ཅན་གྱི་དྲིལ་བསྒྲགས་ལ་སྐུལ་འདེད་གཏོང་བའི་ཤུགས་རྒྱག་སར་བརྩིས་ནས། ཐབས་མང་མཉམ་སྤྱོད་དང་དམིགས་ས་ཡོད་པའི་ངང་སྲིད་ཇུས་ལག་བསྟར་བྱས་ཏེ་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲཌ་སྣ་ཚོགས་བྱས་པ་རེད།
“སློབ་གྲྭར་བསྐྱོད་རྒྱུ”དེ་འགོ་འཛུགས་སར་བརྩིས་ནས“བདེ་འཇགས་སློབ་སྦྱོང”ལ་མྱོང་ཚོར་ཟབ་མོ་ཐུབ་པར་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་ཟོན་ཤེས་བྱ་འགྲེལ་བཤད་རྒྱག་པ་དང་། མེ་ཟོན་རླངས་འཁོར་དང་དེ་བཞིན་ཡོ་བྱད་དང་སྒྲིག་ཆས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་པ། མེ་གསོད་རྩལ་ནུས་ནང་སྦྱོང་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་སློབ་གྲྭའི་དགེ་སློབ་ལ་སྣ་མང་ཕུན་སུམ་ཚོགས་པའི“མེ་ཟོན་གྱི་སློབ་ཁང་ཆེན་མོ”བསྐྲུན་པ་དང་འབྲེལ། སློབ་གྲྭའི་དྲིལ་བསྒྲགས་སྒྲོམ་དང་། སློབ་གྲྭའི་ཚགས་པར་དང་དུས་དེབ། ནག་པང་ཚགས་པར་སོགས་སུ་མེ་ཟོན་དྲིལ་བསྒྲགས་སློབ་གསོའི་སྒྲོམ་བཙུགས་ཏེ་སློབ་གྲྭའི་བརྙན་འཕྲིན་དང་རླུང་འཕྲིན་བརྒྱུད་མེ་ཟོན་གྱི་སྤྱི་ཕན་བརྡ་ཁྱབ་དང་བདེ་འཇགས་དྲན་སྐུལ་དུས་བཀག་ཐོག་བཀོད་གཏོང་གིས་དུས་བདེ་དང་ཞི་མཐུན་གྱི་སློབ་གྲྭའི་མེ་ཟོན་བདེ་འཇགས་ཁོར་ཡུག་བསྐྲུན་པར་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།
“སྡེ་ཁུལ་དུ་བསྐྱོད་རྒྱུ”དེ་གཞི་ཚུགས་སར་བྱས་ནས“བདེ་འཇགས་གླེང་བའི”ཁྲོད་མཉམ་འདྲེས་ཐུབ་པར་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“མང་ཚོགས་དང་ཉེ་བཅར་དང་། དོན་དངོས་དང་ཉེ་བཅར། འཚོ་བ་དང་ཉེ་བཅར”བཅས་ཀྱི་སྤྱི་ཚོགས་ཅན་གྱི་མེ་ཟོན་དྲིལ་བསྒྲགས་སློབ་གསོའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་སྡེ་ཁུལ་གྲོང་ལྷན་དང་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་མཐུན་སྦྱོར་ཧུར་ཐག་གིས་སྡེ་ཁུལ་དང་སྡོད་ཁང་ཁུལ་དུ་མེ་ཟོན་དྲིལ་བསྒྲགས་བྱས་པ་དང་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་བརྒྱུད། སྡེ་ཁུལ་གྱི་གློག་རྡུལ་བརྙན་ཤེལ་དང་སྐད་འཕྲིན་ཚོགས་པ་སོགས་སུ་དྲན་སྐུལ་སྦྱར་ཡིག་དང་དྲིལ་བསྒྲགས་པར་གཞི་རྒྱ་ཁྱབ་བསྐུར་ནས་སྡེ་ཁུལ་གྱི་གྲོང་མིར་ཁྱིམ་ཚང་གི་མེ་སྐྱོན་གྱི་ཁྱད་ཆོས་དང་། ཁྱིམ་ཚང་གི་མེ་སྐྱོན་སྔོན་འགོག་གི་རྒྱུན་ཤེས། མེ་སྐྱོན་ཐོན་མ་ཐག་གསོད་པ་དང་དེ་བཞིན་མེ་གསོད་ཡོ་བྱད་སྤྱོད་སྟངས་བཅས་འགྲེལ་བཤད་བརྒྱབ་ནས་སྡེ་ཁུལ་མང་ཚོགས་ཀྱི་མེ་ཟོན་གྱི་ཕྱོགས་བསྡུས་བྱང་ཚད་སྔར་བས་མཐོ་རུ་བཏང་བ་རེད།
“ཁེ་ལས་སུ་བསྐྱོད་རྒྱུ”དེ་ཤུགས་རྒྱག་སར་བྱས་ཏེ“བདེ་འཇགས་ལ་སྣང་ཆེན”བྱེད་རྒྱ་ཆེ་རུ་བཏང་ཞིང་། ལྷོ་ཁ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“ཞིབ་བཤེར་དང་གསོ་སྦྱོང”ཟུང་དུ་འབྲེལ་བའི་ལས་ཀའི་རྣམ་པ་སྤྱད་པ་དང“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་མེ་ཟོན་ལྟ་སྐུལ་ཞིབ་བཤེར་གྱི་ཕན་ཡོད་གོ་སྐབས་གང་ལེགས་སྤྱད་དེ། ཁེ་ལས་སུ“མེ་ཟོན་སློབ་ཚན”ཁྲིད་པ་དང་། ལས་མིར་དམིགས་ནས་མེ་ཟོན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་མེ་ཟོན་གྱི་རྒྱུན་ཤེས་དྲིལ་བསྒྲགས་བྱས་པ། ས་གནས་ས་ཐོག་ཏུ་མེ་གསོད་ཡོ་བྱད་དང་མེ་ཟོན་ཡོ་བྱད་སྤྱོད་སྟངས་དཔེ་སྟོན་འགྲེལ་བཤད་བརྒྱབ་པ། ཚན་པའི་ལས་མིར་མེ་གསོད་ཡོ་བྱད་སྤྱོད་སྟངས་དམར་ཁྲིད་བཅས་བྱས་ཏེ་ཚན་པའི་ལས་མིས་མེ་ཟོན་ཤེས་རྟོགས་ཐུབ་པ་དང་གཞི་རྩའི་མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་དང་དེ་བཞིན་མེ་སྐྱོན་ཐོན་མ་ཐག་ཁ་གཏད་གཅོག་སྟངས་ཡང་དག་དང་མེ་གསོད་ཐབས་ཁོང་དུ་ཆུད་ཐུབ་པར་བྱས་ཏེ་ཁེ་ལས་ཀྱི་ལས་མིའི་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བཙུགས་པ་རེད།
“གྲོང་གསེབ་ཏུ་བསྐྱོད་རྒྱུ”དེ་འགག་གནད་སྒྲོལ་གཞིར་བྱས་ནས“བདེ་འཇགས་བརྗོད་རྒྱུ”གང་སར་ཁྱབ་པར་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་མེ་ཟོན་མྱུར་སྐྱོབ་ཉིང་ལག་རུ་ཁག་གིས་གྲོང་ཚོ་དང་དུད་ཚང་དུ་དྲིལ་བསྒྲགས་སློབ་གསོ་སྤེལ་བ་དང་། མང་ཚོགས་ཀྱིས“གོ་ཐུབ་པ་དང་། ཤེས་ཐུབ་པ། སྤྱོད་ཐུབ་པ”བཅས་ཀྱི་ཐོག་ནས་དམིགས་སའི་རང་བཞིན་ལྡན་པའི་ངང་དྲིལ་བསྒྲགས་སྣ་ཚོགས་བྱས་ཏེ་གྲོང་ཚོའི་རླུང་འཕྲིན་དང་། འགྲོ་ལམ། གྲོང་ཚོའི་ཁང་ཕྱིའི་གྱང་སོགས་གཞི་རྟེན་གང་ལེགས་སྤྱད་དེ་མེ་ཟོན་ཉེན་བརྡའི་སྦྱར་ཡིག་སྦྱར་བ་དང་དུད་ཚང་རེ་རེ་བཞིན་དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་བརྡ་སྦྱོར་སྤྲད་དེ་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་མང་ཚོགས་ཀྱི་སེམས་སུ་ཟུག་ཐུབ་པ་དང་མེ་ཟོན་དྲིལ་བསྒྲགས་གྲོང་གསེབ་ཀྱི་ས་ཕྱོགས་གང་སར་ཁྱབ་ཐུབ་པར་བྱས་ཏེ། དུས་བདེ་དང་ཞི་མཐུན་གྱི་གྲོང་གསེབ་ཀྱི་མེ་ཟོན་བདེ་འཇགས་ཁོར་ཡུག་གཏོད་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།
“ཁྱིམ་ཚང་དུ་བསྐྱོད་རྒྱུ”དེ་འགག་རྩར་བརྩིས་ནས“བདེ་འཇགས་ཤེས་རྟོགས”ཁྱིམ་ཚང་ཀུན་ལ་ཁྱབ་པར་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“མེ་ཟོན་བདེ་འཇགས་ཁྱིམ་ཚང་ནས་འགོ་འཛུགས་པའི”ལས་ཀའི་འདུ་ཤེས་ལ་གཞིགས་ནས་གྲོང་མིའི་ཁྱིམ་ཚང་དུ་གློག་དང་། མེ། སོལ་རླངས་བཅས་མང་པོ་སྤྱོད་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ་དྲ་མིག་པ་དང་། མེ་ཟོན་དང་བླངས་པ། སྡེ་ཁུལ་གྱི་ལས་དོན་པ་སོགས་གཞི་རིམ་སྟོབས་ཤུགས་སྐུལ་སློང་གིས“མེ་ཟོན་ཤེས་བྱ་ཁྱིམ་ཚང་དུ་ཁྱབ་པར་བྱེད་པའི”བྱ་སྤྱོད་མུ་མཐུད་སྤེལ་བ་རེད། “ཚང་སྟོང་རྒན་རྒོན”དང་ཉམས་ཞན་ཚོགས་སྤྱིའི་ཁྱིམ་ཚང་ལ་གཙོ་གནད་དུ་དམིཌ་ནས“ཞབས་འདེཌ་ཞུ་ཡུལ”གཏན་འཁེལ་བྱེད་པ་དང་གྲོང་མིར“གཉིད་མ་ཉལ་གོང་གློག་སྒོ་བཀག་པ་དང་། ཁྱིམ་དུ་མེ་སྤར་ནས་ཕྱིར་མི་འགྲོ་བ། ཉལ་སར་ཐ་མག་མི་འཐེན་པ། བྱིས་པས་མེ་རྩེད་མི་རྩེ་བ”སོགས་མེ་ཟོན་གྱི་རྒྱུན་ཤེས་དྲན་སྐུལ་དང་གྲོང་མིར་ཁྱིམ་ཚང་གི་རྒྱུན་ཐོན་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱེད་རོགས་བྱས་པ་དང། གྲོང་མིར་མེ་ཟོན་ཤེས་རྟོགས་དང་། མེ་ཟོན་ལ་དོ་སྣང་། མེ་ཟོན་ནང་ཞུགས་པ་བཅས་བྱས་ཏེ་ཁྱིམ་ཚང་གི་མེ་ཟོན་བདེ་འཇགས་ཤེས་བྱ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་དགོས་པའི་དྲན་སྐུལ་བྱས་ཡོད།
“དགོན་སྡེར་བསྐྱོད་རྒྱུ”དེ་ཚད་བརྒལ་སར་བྱས་ཏེ“བདེ་འཇགས་ཤེས་བྱ་སློབ་རྒྱུ”དྲིལ་བསྒྲགས་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དགོན་སྡེ་དོ་དམ་ཨུ་ལྷན་དང་གྲོང་ལྷན་སོགས་འགན་ནུས་སྡེ་ཚན་དང་མཉམ་དུ། མེ་ཟོན་བདེ་འཇགས་ཀྱི་ཤེས་བྱའི་གསོ་སྦྱོང་བྱེད་སྒོ་སྤེལ་ནས་རྒྱུན་གཏན་གྱི་མེ་ཟོན་བདེ་འཇགས་དོ་དམ་དང་། ལམ་ལུགས་ཀྱི་འགན་འཁྲི་དོན་འཁྱོལ། མེ་ཟོན་སྒྲིག་ཆས་ལ་ཞིབ་བཤེར་དང་སྲུང་སྐྱོང་། འཕྲལ་སྡོམ་སྔོན་ཇུས་བཟོ་བ་བཅས་དང་དེ་བཞིན་མེ་སྐྱོན་ཐོན་སྐབས་ཉེན་བརྡ་ཇི་ལྟར་གཏོང་བ་དང་། མི་སྣ་སྒྲིག་འཛུགས་བྱས་ནས་ཁ་འགྲེམས་སྲོག་ཐར་ཇི་ལྟར་བྱེད་པ། མེ་སྐྱོན་ཐོན་མ་ཐག་ཇི་ལྟར་གསོད་དགོས་པ་སོགས་ཀྱི་ནང་དོན་ལ་དམིགས་ནས་ཁྱབ་གདལ་བཏང་བ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་དོ་དམ་མི་སྣ་སྒྲིག་འཛུགས་བྱས་ཏེ་མེ་སྐྱོན་ཐོན་ཁུལ་གྱི་ནང་སྦྱོང་བྱས་པ། མེ་ཟོན་ཡོ་བྱད་ཀྱི་རིགས་དང་བེད་སྤྱོད་བྱེད་སྟངས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་འབྲེལ་ཚང་མར་མེ་གསོད་ཡོ་བྱད་ཡང་དག་སྤྱོད་ལུགས་དམར་ཁྲིད་བྱས་ཏེ་དགོན་སྡེ་དོ་དམ་ཨུ་ལྷན་གྱི་དོ་དམ་མི་སྣ་དང་གྲྭ་བཙུན་ཚོས་མེ་སྐྱོན་ཐོན་མ་ཐག་སེལ་བའི་ནུས་པ་ཆེ་རུ་ནུས་ལྡན་བཏང་བ་རེད།
“119”མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་སློབ་ཁྲིད་དང་། གསོ་སྦྱོང་། ནང་སྦྱོང་སོགས་ཀྱི་བྱེད་སྒོ་ཁྱོན་ཐེངས་30ལྷག་ཙམ་སྤེལ་བ་དང་དྲིལ་བསྒྲགས་དཔྱད་ཡིག་དང་། ལག་དེབ། བརྡ་སྦྱོར་བཅས་9000ལྷག་ཙམ་དང་དྲིལ་བསྒྲགས་དངོས་རྫས་1200ལྷག་ཙམ་སྤྲད་པས་མང་ཚོགས་ཁྲི་1.2ལྷག་ཙམ་ལ་སློབ་གསོ་ཐེབས་པ་དང་ཆབས་ཅིག་ཉིང་ལག་རུ་ཁག་གིས་ད་དུང་ལག་ཐོགས་ཁ་པར་གྱི་འཕྲིན་ཐུང་ལས་སྟེགས་གང་ལེགས་སྤྱད་དེ་དྲན་སྐུལ་ཆ་འཕྲིན་5200ལྷག་ཙམ་བསྐུར་བ་རེད།
(བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)