03

ཁ་བསླུས་ཀྱི་གནོད་འཚེ་དྲིལ་བསྒྲགས་བྱས་ནས་མི་སེར་གྱི“དངུལ་ཁུག”བརྟན་པོར་བསྲུངས་པ། 2024年12月18日

← ལོ་མཇུག་མཚམས་སུ་ཁོངས་གཏོགས་ཁུལ་གྱི་གྲོང་མི་མང་ཚོགས་ཀྱི་ཁ་བསླུས་ལ་ངོ་རྒོལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། གློག་འཕྲིན་ཁ་བསླུས་གྱོད་གཞི་མ་ཐོན་སྔོན་འགོག་བྱེད་པ། གྲོང་མི་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་ཡག་པོ་བཅས་བྱ་ཆེད། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཤིང་ཆུས་ཏའོ་ཁྲང་ཤང་སྤྱི་ཚོགས་བཅོས་སྐྱོང་གཞུང་ལས་ཁང་གིས་ཏའོ་ཁྲང་མངགས་གཏོང་ཁང་དང་མཉམ་དུ་ཚོང་དུད་དང་། བཟོ་གྲྭའི་འཁོར་ཁང་། མྱུར་སྐྱེལ་ས་ཚིགས་སོགས་སུ་བསྐྱོད་དེ། མི་སེར་གྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པར་བརྟེན་ནས་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཀྱི་གནོད་འཚེ་དྲིལ་བསྒྲགས་བྱས་ཏེ། ཁ་བསླུས་འགོག་ཟོན་བྱེད་ཐབས་བསླབས་ནས་མི་སེར་གྱི“དངུལ་ཁུག”བརྟན་པོར་བསྲུངས་ཡོད། འདི་ནི་ཏའོ་ཁྲང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་བཟོ་གྲྭའི་འཁོར་ཁང་དུ་བཟོ་པར་ཁ་བསླུས་ལ་ངོ་རྒོལ་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།