02

མངའ་རིས་ས་ཁུལ་གྱིས། སྤྱི་ཚོགས་ལུས་རྩལ་གྱི་མཛུབ་ཁྲིད་པ་གཅིག་སྡུད་གསོ་སྦྱོང་བྱས་པ། 2024年12月18日

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2024ལོའི་མངའ་རིས་ས་ཁུལ་གྱི་རིམ་པ་གཉིས་པའི་སྤྱི་ཚོགས་ལུས་རྩལ་གྱི་མཛུབ་ཁྲིད་པའི་གསོ་སྦྱོང་ཐུགས་གྲ་ལེགས་འགྲིག་ངང་མཇུག་འགྲིལ་ཞིང་། ད་ཐེངས་ཀྱི་གསོ་སྦྱོང་གི་དམིགས་ཡུལ་ནི“དམངས་ཡོངས་ལུས་སྦྱོང”གི་རྒྱལ་ཁབ་ཀྱི་འཐབ་ཇུས་སྔར་བས་ལག་བསྟར་དོན་འཁྱོལ་བྱེད་པ་དང་སྤྱི་ཚོགས་ལུས་རྩལ་གྱི་མཛུབ་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། མངའ་རིས་ས་ཁུལ་གྱི་དམངས་ཡོངས་ལུས་སྦྱོང་གི་ལུས་རྩལ་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་སྔར་བས་རམ་འདེགས་ཡག་པོ་བྱ་ཆེད་རེད།

ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་3ཡིན་པ་དང་ས་ཁུལ་ཡོངས་ཀྱི་ལས་རིགས་ཁག་གི་སློབ་མ་17དེའི་ནང་ཞུགས་ཡོད། གསོ་སྦྱོང་འཛིན་གྲྭའི་ནང་སྦྱོང་བདེ་བའི་རླུང་འཕྲིན་ལུས་སྦྱོང་ཆ་ཚང་ཁག་དགུ་དང་ལུས་རྩལ་དུམ་བུ་བརྒྱད་ཀྱི་སློབ་ཁྲིད་ནང་དོན་བཀོད་སྒྲིག་བྱས་པ་དང་། གསོ་སྦྱོང་བྱེད་རིང་ཆེད་ལས་རྩལ་འཁྲིད་པས་ངང་རྒྱུད་རིང་པོས་ལུས་རྩལ་གྱི་འགག་གནད་རེ་རེར་འགྲེལ་བཤད་དང་། རེ་རེ་བཞིན་དཔེ་སྟོན་དང་གོ་རིམ་དབྱེ་ནས་འགྲེལ་བཤད་བརྒྱབ་ཡོད། དེ་རྗེས་གསོ་སྦྱོང་ལ་ཞུགས་མཁན་སློབ་མ་ཚོར་དཔྱད་ཞིབ་བརྒྱུད་ཚང་མར་སྔོན་དཔག་གི་ཕན་འབྲས་ཐོན་ནས་རིམ་པ་གཉིས་པའི་སྤྱི་ཚོགས་ལུས་རྩལ་གྱི་མཛུབ་ཁྲིད་པའི་ལག་ཁྱེར་དང་སློབ་མཇུག་འགྲིལ་བའི་ལག་ཁྱེར་རག་ཡོད། སློབ་མ་ཚོས་སྦྱངས་པའི་རྩལ་ནུས་སློབ་ཁྲིད་བྱས་ཏེ་དམངས་ཡོངས་ལུས་སྦྱོང་གི་ལས་དོན་ཁྲོད་ནུས་པ་བཏོན་ཏེ་དྲིལ་བསྒྲགས་པ་དང་། མཛུབ་ཁྲིད་པ། སྒྲིག་འཛུགས་པ་བཅས་དང་དེ་བཞིན་ལུས་སྦྱོང་བྱེད་སྒོ་སྤེལ་རིང་གི་ཞབས་འདེགས་ཞུ་མཁན་བཅས་སུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

གོམ་སྟབས་རྗེས་མར་མངས་རིས་ས་ཁུལ་སློབ་གསོ་ལུས་རྩལ་ཅུས་ཀྱིས་སྤྱི་ཚོགས་ལུས་རྩལ་གྱི་མཛུབ་ཁྲིད་པའི་གསོ་སྦྱོང་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། ཚན་རིག་དང་མཐུན་པའི་གསོ་སྦྱོང་བྱས་པ་བརྒྱུད་སློབ་མ་ཚོས་སྤྱི་ཚོགས་ལུས་རྩལ་གྱི་མཛུབ་ཁྲིད་པའི་ཐོབ་ཐང་ངོས་འཛིན་དང་ཚན་རིག་དང་མཐུན་པའི་ལུས་སྦྱོང་མཛུབ་ཁྲིད་ཀྱི་ནུས་པའི་བྱང་ཚད་ཆེ་རུ་བཏང་སྟེ། དམངས་ཡོངས་ལུས་སྦྱོང་གི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་དང་བླངས་ཞབས་ཞུར་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་རེད།