འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཆུ་གསུམ་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་རྐང་འཛིན་མི་སྣ་སྒྲིག་འཛུགས་བྱས་ཏེ་རྣམ་གྲངས་ཚོད་སྐོར་ཚོགས་ཆུང་བཙུགས་ནས། ཆུ་གསུམ་གྲོང་རྡལ་དང་། ནོར་བུ་ས་གྲོང་རྡལ། ཆུ་མདོ་རྒྱང་ཤང་། ཤག་བྱང་ཤང་བཅས་སུ་བསྐྱོད་དེ་ཤང་གྲོང་ཁག་གི་སྤྱི་ཚོགས་ལས་དོན་ཞབས་ཞུའི་ས་ཚིགས་ཀྱི་རྣམ་གྲངས་ལ་དུས་དཀྱིལ་གྱི་་ཚོད་སྐོར་བྱས་པ་རེད།
ཆུ་གསུམ་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས། ད་ཐེངས་ཀྱི་ཚོད་སྐོར་ནི་སྤྱི་ཚོགས་ལས་དོན་ཞབས་ཞུའི་ས་ཚིགས་ཀྱི་རྣམ་གྲངས་ལག་བསྟར་བརྒྱུད་རིམ་དང་ཕན་འབྲས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་ཞིག་ཡིན་པ་དང་། དེས་ཤང(གྲོང་རྡལ)ཁག་གི་སྤྱི་ཚོགས་ལས་དོན་ཞབས་ཞུའི་ས་ཚིགས་དབར་གྱི་འབྲེལ་གཏུག་དང་སློབ་སྦྱོང་ལ་ཤུགས་སྣོན་ཐེབས་ནས། གནད་དོན་གསེད་བཀྲོལ་དང་། ཞན་ཆ་འཚོལ་བ། ཉམས་མྱོང་ཕྱོགས་སྡོམ་སོགས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་རེད་ཅེས་བཤད་པ་རེད།