02

ལྷ་ས་གྲོང་ཁྱེར་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོ་དང་ངལ་ནུས་སྤུས་རྟགས་འགྲེམས་སྟོན་སྤེལ་རེས་ཚོགས་འདུ་འཚོགས་པ། 2024年12月18日

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། རྒྱ་ཆེའི་ངལ་རྩོལ་པ་དང་ཐོན་ལས་བཟོ་པས་ལག་རྩལ་ལ་བརྩོན་ཞིབ་དང་། ལག་རྩལ་བྱང་ཆུབ་པ། ལག་རྩལ་དང་རྩལ་ནུས་ལྡན་པའི་ཤེས་ལྡན་པ་འབོར་ཆེན་མགྱོགས་མྱུར་གསོ་སྐྱོང་བྱ་ཆེད། ཉེ་ཆར་2024ལོའི་ལྷ་ས་གྲོང་ཁྱེར་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོ་དང་ངལ་ནུས་སྤུས་རྟགས(ཁེ་ལས་ཀྱི་གསར་གཏོད་གྲུབ་འབྲས)འགྲེམས་སྟོན་སྤེལ་རེས་ཚོགས་འདུ་འཚོགས་པ་རེད།

གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་འགྲན་བསྡུར་ཆེན་པོས“རྩལ་ནུས་ལ་བརྟེན་ནས་ཕུགས་འདུན་སྒྲུབ། གསར་གཏོད་ལ་བརྟེན་ནས་སྣེ་ཁྲིད་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་ལྷ་ས་གྲོང་ཁྱེར་གྱི་ལས་རིགས་རྩལ་ནུས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་བ་དང་ངལ་ནུས་སྤུས་རྟགས་ཀྱི་གསོན་ཤུགས་དང་གསར་གཏོད་ནུས་པ་འཕེལ་བ་བྱ་རྒྱུ་དེ་རེད། འགྲན་བསྡུར་ཆེན་པོར་ལག་ཤེས་མཁས་པ་དང་གསར་གཏོད་ཁེ་ལས་མང་པོ་ཞུགས་ཡོད་པ་དང་ཁོང་ཚོས་འགྲན་རར་རྩེར་སོན་གྱི་ལག་རྩལ་ངོམས་རྒྱུ་མ་ཟད། སྤེལ་རེས་ཚོགས་འདུར་གསར་གཏོད་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུ་རེད།