འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས 2024ལོའི“ཁྲིམས་ཁང་གི‘ཧྥུང་ཆའོ’རྣམ་པར་བདེན་དཔང་བྱེད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། ཆེད་བསྐོས་ལྟ་ཞིབ་པ་བཅས་ཀྱིས་ཁྲིམས་ཁང་ལ་གཟིགས་ཞིབ་བྱེད”ཅེས་པའི་བྱེད་སྒོ་ཐེངས་གཉིས་པ་སྤེལ་ཞིང་། བོད་དུ་བཞུགས་པའི་རྒྱལ་ཡོངས་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། ཆེད་བསྐོས་ལྟ་ཞིབ་པ་བཅས་མི་གྲངས་16དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གྲོས། དེ་བཞིན་ལྷ་ས་གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་གདན་ཞུས་ལྟར་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཟིགས་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཡང་གནང་བ་རེད།
རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་ཚེ་བརྟན་བྱེད་སྒོར་ཞུགས་ཡོད་པ་རེད།
(སྐལ་མཆོག་གིས་བསྒྱུར། བསྟན་བློས་ཞུས)