02

བར་སྐོར་སྡེ་ཁུལ་གྱིས། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཕན་འབྲས་དངོས་ཐོན་རྒྱུར་སྣང་ཆེན་བྱས་པ། 2024年12月17日

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་བར་སྐོར་སྡེ་ཁུལ་གྱིས་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ“མི་རིགས་མཐུན་སྒྲིལ་གྱི་དགའ་སྤྲོའི་རིག་རྩལ་སྐོང་འཁྲབ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ”ཞེས་བརྗོད་དོན་གཙོ་བོར་བྱས་པའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། སྡེ་ཁུལ་གྱི་རིག་རྩལ་རུ་ཁག་དང་། བདེ་སྲུང་རུ་ཁག དྲ་མིག་ལས་དོན་པ་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་གར་སྟེགས་ཐོག་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཞབས་བྲོ་འཁྲབ་ནས་སྡེ་ཁུལ་གྱི་གྲོང་མིའི་འབད་འབུངས་ཡར་བརྩོན་དང་སྐྱོན་བྲལ་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་པ་རེད།

བར་སྐོར་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཚུལ་ཁྲིམས་ཀྱིས། གོམ་སྟབས་རྗེས་མར། ཚང་མའི་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སློབ་སྦྱོང་གི་ཕན་འབྲས་བྱ་སྤྱོད་དངོས་ལ་བསྒྱུར་ཏེ། བར་སྐོར་ཁྲོམ་གཞུང་གི་འཕེལ་རྒྱས་ལ་ནུས་པ་གང་ཡོད་འདོན་གྱི་ཡིན། དེ་དང་ཆབས་ཅིག མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་ནས་མི་རིགས་ཁག་དབར་གྱི་མཛའ་གྲོགས་སྔར་བས་ཟབ་ཏུ་བཏང་ནས་བར་སྐོར་དུ་མཐུན་སྒྲིལ་མེ་ཏོག་སྔར་བས་རྣམ་པར་བཞད་པ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།