02

རྒྱ་ཚ་རྫོང་གིས། “རི་རླུང་ཀུན་ཏུ་ལོ་མ་དམར་པོས་བརྒྱན། མཛེས་པའི་རྒྱ་ཚར་མི་དགའ་ཅི་ལ་ཡོད”ཅེས་པའི་རིམ་སྤེལ་བྱེད་སྒོ་སྤེལ་བ། 2024年12月17日

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་བསྟུད་མར། རྒྱ་ཚ་རྫོང་གིས“རི་རླུང་ཀུན་ཏུ་ལོ་མ་དམར་པོས་བརྒྱན། མཛེས་པའི་རྒྱ་ཚར་མི་དགའ་ཅི་ལ་ཡོད”ཅེས་པའི་རིམ་སྤེལ་བྱེད་སྒོ་སྤེལ་ནས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་རེད།

“རི་རླུང་ཀུན་ཏུ་ལོ་མ་དམར་པོས་བརྒྱན། མཛེས་པའི་རྒྱ་ཚར་མི་དགའ་ཅི་ལ་ཡོད”ཅེས་པའི་རིམ་སྤེལ་བྱེད་སྒོའི་པར་རིས་འཚོལ་བསྡུའི་བྱེད་སྒོར་ལྷ་ས་དང་། ཉིང་ཁྲི། ལྷོ་ཁ་སོགས་ཀྱི་ཕུལ་བྱུང་པར་རྒྱག་མཁས་ཅན་དང་པར་རྒྱག་ལ་དགའ་པོ་བྱེད་མཁན་18ཞུགས་ཡོད་པ་དང་། ད་ཐེངས་ཀྱི་པར་རིས་འཚོལ་བསྡུའི་བྱེད་སྒོས་པར་རྒྱག་ལ་དགའ་པོ་ཡོད་མཁན་ཚོར་སྤེལ་རེས་དང་འགྲེམས་སྟོན་གྱི་ལས་སྟེགས་ཤིག་མཁོ་འདོན་བྱས་པ་མ་ཟད། རྒྱ་ཚ་རྫོང་གི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་ཡང་སྦྱིན་ཡོད་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། པ་སངས་ཕན་ཐོགས་ཀྱིས་ཞུས)