ཟླ་12ཚེས་14ཉིན་འགག་གསུམ་ལས་གྲྭ་ལས་འགོ་བཙུགས་ནས་ལོ་30འཁོར་ཞིང་། ཆུ་བེད་པུའི་གྲངས་གཞི་ལས་མངོན་པར། འགག་གསུམ་གློག་ཁང་ནས་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་ཁྲི་1.7ལྷག་ཙམ་ཟིན་པ་དེ་ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར་5.5གྲོན་ཆུང་བྱས་པ་དང་། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་དུང་ཕྱུར་14.9ཉུང་དུ་བཏང་བ་དང་མཚུངས་ཀྱི་ཡོད།
འདི་ནི་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཙི་ཀུའེ་རྫོང་མའོ་ཕིང་གྲོང་རྡལ་ནས་པར་བླངས་པའི་འགག་གསུམ་ཆུ་རགས་དང་དེ་བཞིན་འགག་གསུམ་གློག་ཁང་གི་གློག་སྐུད་ཡིན་པ།