02

ཇ་ལོ་ཆུང་ངུས་སྤེལ་རེས་མཉམ་ལས་ཀྱི་དཔང་པོ་བྱས། 2024年12月15日

ཇ་ལོ་གཡག་རྔར་སྐྱེས་ཀྱང་དྲི་བསུང་ས་མཐོར་འཐུལ། ལོ་སྟོང་ཕྲག་ལྷག་རིང་། ཀྱག་ཀྱོག་གི་ཇ་རྟའི་གནའ་ལམ་གྱིས་བོད་དང་སི་ཁྲོན་སྦྲེལ་མཐུད་དམ་ཟབ་བྱས་ནས་ཇ་ཆག་པ་རེ་རེ་བཞིན་གངས་ལྗོངས་ས་མཐོའི་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱལ་ཡོད།

ལོ་ངོ་སྟོང་ཕྲག་ལྷག་རིང་། ཁྲོན་བོད་ས་གནས་གཉིས་རི་ཆུ་འདབས་འབྲེལ་དང་། མི་ཆོས་གཅིག་འདྲ། སེམས་པ་གཅིག་མཐུན་བཅས་བྱུང་ནས་འབྲེལ་ལམ་ཁྲི་སྟོང་མང་པོ་ཚུགས་ཏེ་ཉ་ཆུ་ལྟ་བུའི་བརྩེ་བ་ཟབ་མོ་ཆགས་ཡོད། ཇ་རྟའི་གནའ་ལམ་དང་ལྷག་པར་དུ་ཁྲོན་བོད་གཞུང་ལམ་ལས་གཡག་རྔ་དང་བོད་ཀྱི་ལས་དབང་ལོ་ངོ་སྟོང་ཕྲག་ལྷག་གི་འཕེལ་རྒྱས་ཁྲོད་རིམ་བཞིན་དམ་དུ་སྦྲེལ་ཡོད།

བོད་ཇ་ཡིས་བོད་དང་སི་ཁྲོན་གྱིས་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེ་མོར་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་ཀྱི་ལོ་རྒྱུས་ཀྱི་ལས་འགན་མཉམ་དུ་ཁུར་བའི་དཔང་པོ་བྱས་ཡོད། ས་གནས་གཉིས་ཀྱིས་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེ་མོར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཐོག་སྲུང་སྐྱོང་ཆེན་པོ་དང་། གསར་སྤེལ་ཆེ་མོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་དམིགས་ཏེ། འཐབ་ཇུས་ཀྱི་མཐུན་སྦྱོར་སྔར་བས་ཟབ་ཏུ་གཏོང་བ་དང་ལེགས་ཆ་གསབ་རེས་ལ་སྐུལ་འདེད་བཏང་ནས་དུས་རབས་གསར་པའི་ཁྲོན་བོད་མཉམ་ལས་ཀྱི་བརྗིད་ཆེའི་ལེའུ་རྩོམ་ངེས་རེད།