02

གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས། རྩལ་ནུས་གསོ་སྦྱོང་བྱས་ནས་མང་ཚོགས་འབབ་ འཕར་ཕྱུག་འགྱུར་ཡོང་བར་བྱས་པ། 2024年12月14日

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་དང་ལས་ཞུགས་འཇོན་ཐང་ཆེ་རུ་གཏོང་ཆེད། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་སྤྱི་ཅུས་ཀྱིས་ལས་རིགས་རྩལ་ནུས་གསོ་སྦྱོང་ཧུར་ཐག་བྱས་པ་རེད།

བསམ་གྲུབ་རྩེ་ཆུས་མི་སྤྱི་ཅུས་ཀྱིས་ཆུས་དང་། ཤང་། གྲོང་ཚོ་བཅས་ཀྱི“རིམ་གསུམ་མཉམ་འགུལ”གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འཕྲིན་ཕྲན་སྤྱི་སྟེགས་དང་། གློག་རྡུལ་མངོན་ཤེལ། སྲིད་དོན་ཡོངས་བསྒྲགས་སྒྲོམ་སོགས་བརྒྱུད་ནས། ལས་ཞུགས་ལས་གཏོད་དང་རྩལ་ནུས་གསོ་སྦྱོང་གི་སྲིད་ཇུས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་11ནས་བཟུང་། རྩལ་ནུས་གསོ་སྦྱོང་གི་འཛིན་གྲྭ་ཁྱོན་ཐེངས་13གཉེར་བ་དང་གསོ་སྦྱོང་གི་ནང་དོན་ནང་ལོ་ཏོག་འདེབས་གསོ་དང་། རླངས་འཁོར་གཏོང་སྟངས། སྔོ་ཚལ་འདེབས་འཛུགས། མི་རིགས་ལག་ཤེས་བཟོ་རྩལ(བསླས་འཐག)གཡོས་སྦྱོར་སོགས་ཚུད་ཡོད་པ་དང་མང་ཚོགས་416གསོ་སྦྱོང་ནང་ཞུགས་ཡོད་པ་རེད།