02

སྒར་རྫོང་བདེ་སྐྱིད་གྲོང་གསར་སྡེ་ཁུལ་གྱིས་རོགས་སྐྱོར་དང་འཚམས་འདྲིའི་བྱེད་སྒོ་སྤེལ་བ། 2024年12月14日

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་ཟླ་12ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། མངའ་རིས་ས་ཁུལ་སྒར་རྫོང་བདེ་སྐྱིད་གྲོང་གསར་སྡེ་ཁུལ་དུ་བཅའ་སྡོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་གྲོང་སྡོད་ལས་དོན་རུ་ཁག་གིས་མཚོ་ཆེན་རྫོང་གནམ་འཕུ་མཚོ་བཟོ་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སི་དང་མཉམ་དུ་བདེ་སྐྱིད་གྲོང་གསར་གྱི་མང་ཚོགས་ཚོར་འབྲས་དང་། གྲོ་ཞིབ། སྣུམ་སོགས་སྒོར་ཁྲི་4རི་བའི་དངོས་ཟོག་སྤྲད་པས་གནས་སྤོས་དུད་ཚང་133ལ་ཕན་པ་ཐོབ་ཡོད།

སྒར་རྫོང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་བདེ་སྐྱིད་གྲོང་གསར་སྡེ་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དང་ཧྲུའུ་ཅི་དང་པོ་གཅིག་ལྕོགས་ཡིན་པའི་ཀུང་ཧྥ་ཞང་གིས། སྡེ་ཁུལ་གྱི་མང་ཚོགས་དུད་ཚང་714ཚང་མ་གནས་སྤོས་དུད་ཚང་ཡིན་པས། ཁོང་ཚོར་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་སེལ་རོགས་བྱེད་པ་ནི་གྲོང་སྡོད་ལས་དོན་རུ་ཁག་གི་གཡོལ་ཐབས་མེད་པའི་འགན་འཁྲི་རེད། སླད་ཕྱིན་གྲོང་སྡོད་ལས་དོན་རུ་ཁག་གིས་མུ་མཐུད་བྱེད་སྒོ་དེ་རིགས་སྤེལ་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་དང་དུས་མཚུངས་ཁོང་ཚོར་ལས་ཞུགས་ཀྱི་འདུ་ཤེས་འགྱུར་ལྡོག་གཏོང་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།