02

སྤུ་ཧྲེང་རྫོང་གིས་རྒྱལ་སྤྱིའི་དང་བླངས་པའི་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། 2024年12月14日

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་ཟླ་12ཚེས་11ཉིན་གློག་འཕྲིན་འབྱོར་གསལ། 2024ལོའི་ཟླ་12ཚེས་5ཉིན་ནི་རྒྱལ་སྤྱིའི་དང་བླངས་པའི་ཉིན་མོ་ཐེངས་39པ་རེད། ཉིན་ཤས་བསྟུད་མར་སྤུ་ཧྲེང་རྫོང་ཨུད་སྤྱི་ཚོགས་ལས་དོན་པུས་སྤྱི་འདོམས་དང་སྤུ་ཧྲེང་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་སྐུལ་སློང་བྱས་ཏེ། རྫོང་ཡོངས་སུ་སྣ་མང་ཕུན་སུམ་ཚོགས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

ཟླ་12ཚེས་5ཉིན་གྱི་རྒྱལ་སྤྱིའི་དང་བླངས་པའི་ཉིན་མོར། སྤུ་ཧྲེང་རྫོང་ཨུད་རྩ་འཛུགས་པུའི་ལས་ཁུངས་ཏང་ཀྲི་པུའུ་ཡིས་ཏང་ཡོན་དང་བླངས་པ་སྒྲིག་འཛུགས་བྱས་ནས་འཁོར་ཆགས་གྲོང་ཚོར་བསྐྱོད་དེ་དཀའ་ངལ་ཡོད་པའི་ཏང་ཡོན་དང་། མང་ཚོགས། གྲོང་ཚོའི“བདེ་སྐྱིད་ལྡན་པའི་རྒན་གསོ་ཁང”གི་རྒན་རྒོན་དང་སྙིང་གཏམ་ཤོད་རེས་བྱས་ནས་སྒོར་5000རི་བའི་འཚམས་འདྲིའི་དངོས་ཟོག་སྤྲད་པ་རེད།

སྤུ་ཧྲེང་གྲོང་རྡལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་དང་སྤྱི་ཚོགས་ལས་དོན་ས་ཚིགས་ཀྱིས་མཉམ་དུ“དང་བླངས་པར་གུས་འདུད་ཞུ། ཚང་མར་དྲོ་སྐྱིད་སྦྱིན”ཞེས་པའི་དགུན་དུས་ཀྱི་དྲོ་སྐྱིད་བྱེད་སྒོ་སྤེལ་བ་དང་། དང་བླངས་པས་ཁོངས་གཏོགས་ཁུལ་གྱི་གྲོང་ཚོ(སྡེ་ཁུལ)6ཏུ་བསྐྱོད་ནས་འཚམས་འདྲི་དང་ཐུགས་ཁུར་བྱས་པ་མ་ཟད་འཚམས་འདྲིའི་དངོས་ཟོག་ཁག་60ཙམ་སྤྲད་པ་དང་། ཧོར་ཤང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་གི་དང་བླངས་ཞབས་ཞུའི་རུ་ཁག་གིས་དང་བླངས་པ་30ཙམ་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་དུ་བསྐྱོད་དེ། ཁེར་སྡོད་དང་འཚོ་བར་བལྟོས་བཅས་ཀྱིས་དཀའ་ངལ་ཡོད་པའི་རྒན་རྒོན་ལ་སྙིང་དང་ཁྲག་ཤེད་བརྟག་པ་དང་རིན་མེད་ངང་སྨན་སྤྲད་པ་མ་ཟད་ཁོང་ཚོར་གད་ཕྱིས་རྒྱག་རོགས་ཀྱང་བྱས་པ། བར་ག་ཤང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་གིས་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་བར་ག་ཤང་སློབ་ཆུང་དུ་བསྐྱོད་ནས“འཆལ་རྡུང་ལོག་སེལ”གྱི་བྱིས་སྲུང་བྱ་སྤྱོད་སྤེལ་བ་མ་ཟད་དྲིལ་བསྒྲགས་དངོས་ཟོག་ཀྱང་སྤྲད་པ་རེད།