འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ཁྲེང་ཀོན་ཆུས་སློབ་གསོའི་ཁོངས་གཏོགས་ཀྱིས“ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ཉིན་རེ་བཞིན་དར་རྒྱས་ཡོང་བ་དང་། རྒྱལ་ཁབ་འཕེལ་རྒྱས་ཡོང་ཆེད་ང་ཡིས་འབད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་དྲ་སྦྲེལ་དང་སློབ་གསོ་ཟུང་འབྲེལ་གྱི(མངོན་འགྱུར་བའི་སློབ་གསོ་དང་མི་ཐབས་ཀྱི་རིག་ནུས་སློབ་གསོ)རྒྱལ་ཁབ་དཔེ་སྟོན་ཁུལ་གྱི་འགྲན་བསྡུར་བྱས་ཤིང་། ཁྲེང་ཀོན་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་11གི་རུ་ཁག་17འགྲན་བསྡུར་ལ་ཞུགས་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་འགྲན་ཞུགས་རུ་ཁག་ཁག་གིས་བརྩམས་ཆོས་འགྲེམས་སྟོན་དང་རྩོད་ལན་རྒྱག་པའི་ལྷུ་ཚིགས་ནང་མངོན་འགྱུར་བའི་སློབ་གསོ་དང་མི་ཐབས་ཀྱི་རིག་ནུས་སློབ་གསོར་གོ་བ་གཏིང་ཟབ་ལེན་པ་དང་བཀོལ་སྤྱོད་བྱང་ཆུབ་པ་བྱེད་ལུགས་གང་ལེགས་མངོན་པ་དང་བརྩམས་ཆོས་ཀྱི་ཇུས་འགོད་འདུ་ཤེས་དང་། ལག་རྩལ་གྲུབ་ཚུལ། ལག་ལེན་དངོས་སུ་བེད་སྤྱོད་བྱེད་ཚུལ་བཅས་ཞིབ་པར་བརྗོད་པར། དེ་གར་ཡོད་པའི་དཔྱད་འདེམས་པའི་ཚད་མཐོའི་གདེང་འཇོག་ཐོབ་ཡོད། ད་ཐེངས་ཀྱི་འགྲན་བསྡུར་ནང་ཁྲེང་ཀོན་ཆུས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་དྲ་སྦྲེལ་དང་སློབ་གསོ་ཟུང་འབྲེལ་ཐད་འཚོལ་ཞིབ་ཧུར་ཐག་བྱས་པར་གྲུབ་འབྲས་གང་ལེགས་མངོན་ཡོད་པས། ཚང་མས་འབྱུང་འགྱུར་སློབ་གསོའི་རྫོགས་མཐའ་མེད་པའི་རེ་བ་མཐོང་ཐུབ་ཡོད། སློབ་མ་ཚོས་འགྲན་བསྡུར་ནང་གསར་གཏོད་ཀྱི་ནུས་པ་དང་། ལག་ལེན་གྱི་ནུས་པ། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་བཅས་མངོན་པ་དེས་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་ཚང་མས་སློབ་གསོའི་འབྱུང་འགྱུར་ལ་གདེང་ཚོད་དང་རེ་སྒུག་གིས་ཁེངས་ཡོད།
ད་ཐེངས་ཀྱི་བྱེད་སྒོས་སློབ་མ་ཚོར་རང་ཉིད་ངོམ་སྟོན་བྱེད་པའི་ལས་སྟེགས་ཤིག་བསྐྲུན་པ་མ་ཟད། སློབ་གྲྭའི་དབར་གྱི་སྤེལ་རེས་དང་མཉམ་ལས་ལའང་སྲ་ཞིང་བརྟན་པའི་འབྲེལ་ཟམ་ཞིག་བསྐྲུན་ཡོད། བྱེད་སྒོ་བརྒྱུད། སློབ་མ་ཚོས་ཤེས་བྱ་དང་རྩལ་ནུས་དེ་བས་མང་བ་ཤེས་པ་མ་ཟད། ད་དུང་ཚོགས་པའི་མཉམ་ལས་ཀྱི་སྙིང་སྟོབས་དང་གསར་གཏོད་ཀྱི་འདུ་ཤེས་ཀྱང་གསོ་སྐྱོང་བྱས་ཡོད། དེ་དང་ཆབས་ཅིག བྱེད་སྒོས་དགེ་རྒན་ཚོར་སློབ་ཁྲིད་ཀྱི་ཉམས་མྱོང་སྤེལ་རེས་དང་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་ལས་སྟེགས་ཤིག་བསྐྲུན་ནས་དགེ་རྒན་དབར་གྱི་ཐུན་མོང་ཡར་རྒྱས་ལ་སྐུལ་འདེད་བཏང་ཡོད།
(པ་ཕན་གྱིས་བསྒྱུར། བདེ་དབང་དང་པ་ཕན་གྱིས་ཞུས)